འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་22ཉིན།

༄༅།།ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར“དབུན་ཀྲོའུ་རྟགས་ཅན”ཐོག་མར་གཏོང་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་22ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཧང་ཀྲོའུ་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་19ཉིན་གྱི་ཆུ་ཚོད་16དང་སྐར་མ་30ཙམ་ལ། དབུན་ཀྲོའུ་ཡི་ཕྱིར་གཏོང་དོས་སྒམ་100བླུགས་པའི་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར“དབུན་ཀྲོའུ་རྟགས་ཅན”གྱི་རྒྱལ་སྤྱིའི་ཟོག་འདྲེན་དུས་གཏན་མེ་འཁོར་དབྱི་ཝུའུ་ནུབ་རྒྱུད་ཟོག་འདྲེན་བབས་ཚུགས་ནས་ཐོན་ཞིང་། སྔོན་རྩིས་བྱས་ན། ཉིན་12ཀྱི་རྗེས་སུ་མོ་སི་ཁོར་འབྱོར་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོའི་ཟླ་བརྒྱད་པ་ནས་བཟུང་། དབུན་ཀྲོའུ་གྲོང་ཁྱེར་གྱིས་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་སྦྲེལ་མཐུད་ཀྱི་སྲིད་ཇུས་རབ་དང་རིམ་པ་བཏོན་པ་དང་ལོ་དེར་དབྱི་ཝུའུ་ལྕགས་ལམ་འགག་སྒོ་བརྒྱུད་ཕྱིར་གཏོང་དངུལ་འབོར་སྒོར་དུང་ཕྱུར་6.1ཟིན་པ་དེ་དུས་མཚུངས་ལས་61%འཕར་ཡོད། འདི་ལོའི་ཟླ་བཅུ་གཅིག་པར། དབུན་ཀྲོའུ་རྒྱལ་སྤྱིའི་ཚོང་དོན་ཚོགས་པས་དབྱི་ཤིན་ཡོ་ཚོང་དོན་ཞབས་ཞུའི་ཚོགས་པ་དང《དབུན་ཀྲོའུ་རུ་དབྱི་ཤིན་ཡོ་ཡི་དུས་གཏན་མེ་འཁོར་སྟེགས་བུ་བསྐྲུན་རྒྱུའི་མཉམ་ལས་འདོད་མཐུན་ཡི་གེར》མིང་རྟགས་བཀོད་དེ་ཕྱོགས་མང་གི་མཉམ་ལས་བརྒྱུད་ད་ཐེངས་ཀྱི་དུས་གཏན་མེ་འཁོར་ཤར་གཏོང་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།