འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་22ཉིན།

༄༅༎“མངག་ཐོའི་སྨན་རྒྱུར”བརྟེན་ནས་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་ཡངས་སུ་བཏང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་22ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎“མངག་ཐོའི་སྨན་རྒྱུར”བརྟེན་ནས་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་ཡངས་སུ་བཏང་བ།
     ཉེ་བའི་ལོ་ཤས་རིང་། ཧོ་པེ་ཞིང་ཆེན་ནན་ཧོ་རྫོང་གིས་ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ཁྲོད། ཁྲོམ་རའི་དགོས་མཁོ་དང་ཟུང་འབྲེལ་གྱིས་ས་གནས་དེ་གའི་ས་རྒྱུ་དང་གནམ་གཤིས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ཏེ“ཀུང་སི+མཉམ་ལས་ཁང་+ཞིང་དུད”ཀྱི་གཉེར་སྐྱོང་དོ་དམ་བྱེད་ཐབས་ལ་བརྟེན་པ་དང་། ཀུང་སིའི“མངག་ཐོར”བརྟེན་ནས་ཞིང་པར་པན་རྩྭ་དང་སྐྱ་རྩྭ་སོགས་ཀྲུང་ལུགས་སྨན་རྒྱུ་འདེབས་འཛུགས་བྱ་རྒྱུར་ཁྲིད་སྟོན་བྱས་ཡོད། མིག་སྔར། ནན་ཧོ་རྫོང་གི་ཀྲུང་ལུགས་སྨན་རྒྱུའི་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་3ཙམ་ཟིན་ནས་ཀྲུང་ལུགས་སྨན་རྒྱུའི་ཐོན་ལས་དེ་ས་གནས་དེ་གའི་ཞིང་པའི་འབབ་འཕར་གྱི་ཐབས་ལམ་གལ་ཆེན་ཞིག་ལ་གྱུར་ཞིང་། འདི་ནི་ཧོ་པེ་ཞིང་ཆེན་ནན་ཧོ་རྫོང་སན་སི་ཤང་ཏུང་ཏ་གྲོང་ཚོའི་གྲོང་མིས་ཞིང་ནང་དུ་པན་རྩྭ་བསྡུ་བཞིན་པ། (ཟླ་11ཚེས་20ཉིན་མི་མེད་གནམ་གྲུས་པར་བླངས་པ)