འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་22ཉིན།

༄༅༎མཚོ་སྔོན་ཞིང་ཆེན་གྱིས་གླ་ཆ་འགྱངས་ཆད་ཀྱི་གནད་དོན་མཐའ་གཅིག་ཏུ་ཐག་གཅོད་བྱས་ཏེ
“ཆག་པ་གསུམ”ཡོང་བ་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་22ཉིན། 09:43】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཀྲུང་གོ་གསར་འགྱུར་དྲ་བ་ཟི་ལིང་ནས་ཟླ་11ཚེས་19ཉིན་གློག་འཕྲིན་འབྱོར་གསལ། མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་གི་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ཚུན། མཚོ་སྔོན་ཞིང་ཆེན་གྱིས་ཆེད་དོན་ལྟ་ཞིབ་དང་། དཔེ་མཚོན་གྱོད་གཞི་དམར་འདོན། གླ་ཆ་འགྱངས་ཆད་ཀྱི་རྩིས་ཐོ་བཟོ་བ། འབྲེལ་ཡོད་འགན་འཁྲིའི་ཚན་པའི་འགན་ཁུར་བ་སྐོང་འདྲི། ཡིད་རྟོན་རིམ་པ་གདེང་འཇོག་བྱེད་པ་སོགས་ཀྱི་བྱ་ཐབས་མང་པོ་སྤྱད་དེ་ནད་ལྟ་བ་དང་། ནད་བཅོས་པ། ནད་རྐྱེན་རྩ་བཅོས་བཅས་བྱས་པ་དང་། གྱོད་གཞིར་དམ་པོར་དམིགས་པ་དང་ཞིབ་གཅོད་ནན་པོ་བྱས་པ་དང་འབྲེལ་སྲིད་ཇུས་དོན་འཁྱོལ་དང་ཕུགས་ཕན་ལམ་སྲོལ་ཆགས་པར་དམ་འཛིན་ཡག་པོ་བྱས་པས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་ཐུབ་པ་དང་། གྱོད་གཞི་བདག་སྤྲོད་དང་། ཆད་པའི་དངུལ་གྲངས། ཆད་པའི་མི་གྲངས་བཅས་2018ལོ་ལས་50.7%དང་། 61.4% 60%བཅས་སོ་སོར་ཆག་ནས་འགྱངས་ཆད་གླ་ཆ་གཙང་སྤྲོད་བྱེད་ཚད་98%ཟིན་ཡོད་པ་རེད།
     ཞིང་ཆེན་དེས་ལས་གྲྭའི་རྣམ་གྲངས་དང་། ལམ་ལུགས་ལག་བསྟར། གླ་ཆ་འགྱངས་ཆད་ཀྱི་གྱོད་གཞི་སྒྲུབ་པ་སོགས་ཕྱོགས་གསུམ་གྱི་ལས་དོན་ལ་གཙོ་གནད་ཐོག་དམིགས་ནས། ས་གནས་ཁག་གི་གླ་ཆ་འགྱངས་ཆད་བཅོས་སྒྲིག་དང་སྤྲོད་རྒྱུ་འགན་ལེན་ལས་དོན་གྱི་འཕེལ་རྒྱས་ཀྱི་གནས་ཚུལ་ལ་དུས་བཀག་བཞིན་བཀོད་གཏོང་བྱས་པ་དང་ཆབས་ཅིག་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་བརྡ་ཁྱབ་བཏང་ནས་ས་གནས་ཁག་གིས་ལས་ཀའི་འགན་འཁྲི་སྔར་བས་ནན་དུ་དང་ལས་ཀའི་འཕེལ་རིམ་མགྱོགས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་གླ་ཆ་འགྱངས་ཆད་ཀྱི་གནད་དོན་མཐའ་གཅིག་ཏུ་ཐག་གཅོད་བྱེད་པའི་འབྲེལ་ཡོད་ལས་དོན་ཧུར་ཐག་ངང་ཡག་པོ་བསྒྲུབས་ཡོད་པ་རེད།
     མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་གི་འགན་ཁུར་བས། མིག་སྔར། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་དེ་ཡོངས་ཀྱི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་མཐའ་གཅིག་ཏུ་ཐག་གཅོད་བྱེད་པའི་དགུན་དུས་ཀྱི་འགག་སྒྲོལ་བྱ་སྤྱོད་སྤེལ་ནས་གླ་ཆ་འགྱངས་ཆད་ཀྱི་གནད་དོན་མཐའ་གཅིག་ཏུ་ཐག་གཅོད་བྱེད་པའི“དགུན་ནད་དབྱར་བཅོས”ཀྱི་རྨང་གཞིའི་ཐོག་གླ་ཆ་འགྱངས་ཆད་ཀྱི་གནད་དོན་མཐའ་གཅིག་ཏུ་ཐག་གཅོད་བྱེད་པའི་མངོན་མེད་རྐྱེན་ངན་སྔར་བས་གྲལ་བཤེར་བྱེད་པ་དང་། གནས་པའི་གནད་དོན་དག་ཐེར་མཐའ་གཅིག་ཏུ་བྱས་ནས“ཐག་གཅོད་མཐར་ཕྱིན་གཉིས”ཀྱི་དམིགས་ཚད་མངོན་འགྱུར་ཧུར་ཐག་བྱ་རྒྱུ་སྟེ། 2019ལོའི་ཟླ་10པའི་ཟླ་མཇུག་ཏུ་ཐོན་པའི་སྲིད་གཞུང་གི་རྣམ་གྲངས་དང་རྒྱལ་ཁབ་ཁེ་ལས་ཀྱི་རྣམ་གྲངས་ལས་གྲྭའི་གླ་ཆ་འགྱངས་ཆད་ཀྱི་གྱོད་གཞི་2019ལོའི་ལོ་མཇུག་གོང་ཚང་མ་ཐག་གཅོད་མཐར་ཕྱིན་བྱེད་དགོས་པ་དང་གླ་ཆ་འགྱངས་ཆད་ཀྱི་གྱོད་གཞི་གཞན་དག་2020ལོའི་དཔྱིད་གསར་དུས་ཆེན་གོང་དུས་ཐོག་ཏུ་སྟབས་བསྟུན་ཐག་གཅོད་མཐར་ཕྱིན་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།