འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་21ཉིན།

༄༅།།མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པའི་ཕོ་ཉས་འདི་ལྟར་བཤད།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་21ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པའི་ཕོ་ཉས་འདི་ལྟར་བཤད།
     མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་20ཉིན། ཉིའུ་ཡོ་རུ་གནས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟེ་གནས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཚོགས་པའི་ཕོ་ཉ་སྟེ། ཀྲུང་གོའི་ན་གཞོན་གླུ་བ་ཝང་ཡོན་གྱིས་《བྱིས་པའི་ཐོབ་ཐང་སྤྱི་ཆིངས་》གྲོས་འཆམ་བྱུང་ནས་ལོ་ངོ་30འཁོར་བར་རྗེས་དྲན་ཞུ་བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱིས་སྤེལ་བའི་མཐོ་རིམ་གྲོས་ཚོགས་ཐོག་ཏུ་གཏམ་བཤད་སྤེལ་བ་རེད། ཉིན་དེར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟེ་གནས་སུ་ཝང་ཡོན་གྱིས་འདས་ཟིན་པའི་ལོ་ངོ་30རིང་ལ་འཛམ་གླིང་ཡོངས་ཀྱི་བྱིས་པར་སློབ་གསོ་མྱོང་ཚུལ་ཇེ་ལེགས་སུ་གྱུར་ཡོད་ནའང་། མིག་སྔར་ད་དུང་བྱིས་པ་མང་པོས་སློབ་གསོ་བཟང་པོ་མྱོང་ཐུབ་ཀྱིན་མེད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེའི་ཐད་ལ་ཐག་གཅོད་ཇུས་གཞི་འདོན་དགོས་པ་བཤད།