འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་21ཉིན།

༄༅༎གཅེས་སེམས་ཁྱབ་གདལ་བཏང་ནས་མི་ཡུལ་གྱི་བརྩེ་སེམས་མཚོན་པར་བྱས།

—— སྐབས་གསུམ་པའི“གཞིས་རྩེར་སེམས་འགུལ་ཐེབས་པའི་མི་སྣར”བྱ་དགའ་སྤྲོད་པའི་མཛད་སྒོའི་ཟུར་བྲིས།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་21ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཉིན་ཤས་གོང་། གཞིས་རྩེ་གྲོང་ཁྱེར་ཤེས་དཔལ་ཨུ་ལྷན་དང་གཞིས་རྩེ་གྲོང་ཨུད་དྲིལ་བསྒྲགས་པུའུ་ཡིས་གཙོ་གཉེར་བྱས་པའི་སྐབས་གསུམ་པའི“གཞིས་རྩེར་སེམས་འགུལ་ཐེབས་པའི་མི་སྣར”བྱ་དགའ་སྤྲོད་པའི་མཛད་སྒོ་གཞིས་རྩེར་འཚོགས་པ་རེད།
     བུ་ཆུང་ནི་གཞིས་རྩེ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དང་པོའི་དགེ་རྒན་ཡིན། 2016ལོར་ཚེ་རིང་ཆོས་སྒྲོན་མཐོ་རྒྱུགས་ལ་ཕུལ་བྱུང་གི་སྦྱངས་འབྲས་ཐོབ་ཀྱང་ཁྱིམ་ཚང་དབུལ་བའི་དབང་གིས་སློབ་མཚམས་འཇོག་དགོས་པའི་དཀའ་ངལ་འཕྲད། གནས་ཚུལ་དེ་རྒན་བུ་ཆུང་ལགས་ཀྱིས་ཤེས་རྗེས་ཁོ་མོར་མ་དངུལ་རོགས་སྐྱོར་བྱས་པས་སློབ་གྲྭ་ཐོན། 2014ལོར་སློབ་མ་པད་མ་ཀྲུང་གོ་གསོ་རིག་ཚན་རིག་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་ཀྱང་མུ་མཐུད་སློབ་གྲྭར་འགྲོ་བའི་དངུལ་མེད་རྐྱེན་ཁོང་ལ་རོགས་རམ་བྱེད་རྒྱུའི་རེ་བ་ཞུས། ཁོང་གིས་གནས་ཚུལ་ཤེས་རྗེས་ཉིན་གཉིས་པར་པད་མར་དངུལ་སྒོར་ཁྲི་1.28བསྐུར་ཏེ་པད་མའི་ལོ་གཉིས་ཀྱི་སློབ་ཡོན་ཚང་མ་ཐེངས་གཅིག་ལ་སྤྲད།
     བུ་ཆུང་གིས“སློབ་གསོ་ནི་ངས་དགའ་ཤོས་བྱེད་པའི་བྱ་གཞག་ཅིག་ཡིན། སློབ་མས་སློབ་སྦྱོང་ལ་འབད་བརྩོན་བྱས་པ་ལས་ངར་ད་ལྟའི་གྲུབ་འབྲས་བཟང་པོ་དེ་ཐོབ་བྱུང་། བྱ་དགའ་འདི་རག་པ་ནི་བདག་ལ་ཁས་ལེན་དང་སྐུལ་ལྕག་བྱས་པ་ཞིག་ཡིན་ལ་སྒུལ་ཤུགས་ཤིག་དེ་བས་ཀྱང་ཡིན་པས། ངས་མུ་མཐུད་དགེ་རྒན་ཡག་པོ་ཞིག་བྱས་ཏེ་སློབ་མ་ཚོར་སློབ་གསོ་ཡག་པོ་རྒྱག་གི་ཡིན”ཞེས་གསར་འགོད་པར་བཤད་བྱུང་།
     སྐབས་གསུམ་པའི“གཞིས་རྩེར་སེམས་འགུལ་ཐེབས་པའི་མི་སྣར”བྱ་དགའ་སྤྲོད་པའི་མཛད་སྒོའི་འགན་འཁུར་བས།“གཞིས་རྩེར་སེམས་འགུལ་ཐེབས་པའི་མི་སྣ”དཔྱད་འདེམས་དང་གཟེངས་བསྟོད་བྱེད་སྒོ་གཉེར་བ་ནི། གཞིས་རྩེ་གྲོང་ཁྱེར་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བྱེད་པའི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་དང“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བའི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཡིན་ལ། ཇོ་མོ་གླང་མའི་ཀུན་སྤྱོད་མཐོ་ས་སྐྲུན་པའི་བྱ་ཐབས་གལ་ཆེན་ཞིག་དེ་བས་ཀྱང་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།