འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་21ཉིན།

༄༅།།ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་སྲུང་པུའུ་ཀྲང་གི་རྒྱ་ཆེའི་ཚོགས་འདུ་སྐབས་དྲུག་པ་ཐེ་ལན་གྱི་
པང་ཁོག་ཏུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་21ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པང་ཁོག་ནས་ཟླ་11ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན་གྱི་ཕྱི་དྲོ། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་སྲུང་པུའུ་ཀྲང་གི་རྒྱ་ཆེའི་ཚོགས་འདུ་སྐབས་དྲུག་པ་ཐེ་ལན་གྱི་པང་ཁོག་ཏུ་འཚོགས་པ་རེད། ཀྲུང་གོའི་རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲུང་པུའུ་ཀྲང་གཅིག་ལྕོགས་ཝེ་ཧྥེང་ཧོ་ཚོགས་འདུར་ཞུགས་པ་དང་འབྲེལ་གཏམ་བཤད་ཀྱང་སྤེལ་བ་རེད།
     ཝེ་ཧྥེང་ཧོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་ཆོག་པ་བཅས་ཀྱི་བདེ་འཇགས་ལྟ་བ་གསར་པས་མཉམ་སྐྲུན་དང་། མཉམ་སྤྱོད། མཉམ་ཁེ་བཅས་ཀྱི་བདེ་འཇགས་ལམ་བུའི་ཐོག་བསྐྱོད་ཆེད་འདུ་ཤེས་གསར་རྐྱང་ཞིག་མཁོ་འདོན་གནང་ཡོད། དེས་ན། རྒྱལ་ཁབ་ཁག་གིས་ཕྱར་བ་གྲུ་འདེགས་དང་ཕན་ཚུན་ཡིད་ཆེས་དང་གཉིས་ཕན་ཡོང་བ་བྱས་ནས་ཐུན་མོང་བདེ་འཇགས་ཡོང་བ་དང་། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོགས་དང་ཐབས་མང་མཉམ་སྤྱོད་ཀྱིས་ཕྱོགས་བསྡུས་བདེ་འཇགས་ཡོང་བ་། གླེང་མོལ་དང་གྲོས་མོལ་དང་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་བཏང་ནས་མཉམ་ལས་བདེ་འཇགས་ཡོང་བ། འཕེལ་རྒྱས་ལ་དམིགས་པ་དང་ཐུན་མོང་དར་རྒྱས་ཡོང་བ་བྱས་ནས་རྒྱུན་མཐུད་ཆོག་པའི་བདེ་འཇགས་ཡོང་བ་བཅས་བྱེད་དགོས་ཞེས་བརྗོད་པ་རེད།
      ཝེ་ཧྥེང་ཧོ་ཡིས་དེང་གི་འཛམ་གླིང་ལ་ལོ་བརྒྱ་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད། བདེ་འཇགས་ལ་བཟོས་པའི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ཀྱི་མདུན་དུ། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཁག་དང་མཉམ་དུ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་སྲུང་པུའུ་ཀྲང་གི་རྒྱ་ཆེའི་ཚོགས་འདུའི་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་བརྟན་པོ་གཏོང་བ་དང་། དངོས་སྒྲུབ་མཉམ་ལས་གཏིང་ཟབ་དང་ཏན་ཏིག་བྱ་རྒྱུར་ཁྲིད་སྟོན་བྱེད་པ། མི་སྣ་སྣ་ཚོགས་སྤེལ་རེས་བྱེད་ཟབ་ཏུ་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱི་བདེ་འཇགས་བརྟན་ལྷིང་དང་ཡུན་རིང་ཞི་བདེ་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།
    ཚོགས་འདུའི་ཐོག《རྒྱུན་མཐུད་ཆོག་པའི་བདེ་འཇགས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་སྲུང་པུའུ་ཀྲང་ཚོགས་འདུའི་མཉམ་འབྲེལ་གསལ་བསྒྲགས》ལ་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་བ་རེད།