འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་21ཉིན།

༄༅།།མེ་ཀུང་གཙང་པོ་ཆེན་པོའི་ཡན་ལག་ས་ཁོངས་ཀྱི་དཔལ་འབྱོར་མཉམ་ལས་ཀྱི་པུའུ་ཀྲང་རིམ་པའི་
ཚོགས་འདུ་སྐབས་23པ་ཁམ་ཕུ་ཁྲེའི་ཕ་ནོམ་ཕེན་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་21ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་19ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཤེས་རྟོགས་བྱུང་བར། མེ་ཀུང་གཙང་པོ་ཆེན་པོའི་ཡན་ལག་ས་ཁོངས་ཀྱི་དཔལ་འབྱོར་མཉམ་ལས(GMS)ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་23པ་ཉེ་ཆར་ཁམ་ཕུ་ཁྲེའི་ཕ་ནོམ་ཕེན་དུ་འཚོགས་ཤིང་། ད་རེས་ཀྱི་ཚོགས་འདུའི་བརྗོད་དོན་གཙོ་བོ་ནི“དེ་བས་མཉམ་འདྲེས་དང་། བསྟུན་མཁས། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་བཅས་ཀྱི་GMSབསྐྲུན་དགོས”ཞེས་པ་དེ་རེད། ཚོགས་འདུའི་ཐོག་GMSའགྲིམ་འགྲུལ་དང་། ཚོང་དོན་སྟབས་བདེ་ཅན། ནུས་རྒྱུ། ཞིང་ལས། ཁོར་ཡུག འཕྲོད་བསྟེན་སོགས་ཁྱབ་ཁོངས་མཉམ་ལས་ཀྱི་འཕེལ་རིམ་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། དཔལ་འབྱོར་བར་ཁྱམས་ཀྱི་གླེང་སྟེགས་དང་ཧྲེང་ཀྲང་གླེང་སྟེགས་ཀྱིས་ཤེས་བྱ་མཉམ་སྤྱོད་དང་ཉམས་མྱོང་བརྒྱུད་སྤེལ་ལ་སྐུལ་འདེད་གཏོང་བ་སོགས་ཐད་ཀྱི་ནུས་པ་གལ་ཆེན་ལ་ཁས་ལེན་བྱས་པ། 《GMSཡི་ཡུན་རིང་འཕེལ་རྒྱས་འཐབ་ཇུས་2030ལོའི(འཆར་ཟིན)》ལ་གྲོས་ཞིབ་བྱས་པ། 《GMSས་ཁོངས་ཀྱི་མ་འཇོག་སྒྲོམ་གཞིའི་2022ལོའི(གསར་བརྗེས་པར་ངོས)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་སྦྲགས《མེ་ཀུང་གཙང་པོ་ཆེན་པོའི་ཡན་ལག་ས་ཁོངས་ཀྱི་དཔལ་འབྱོར་མཉམ་ལས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་23པའི་མཉམ་འབྲེལ་གསལ་བསྒྲགས》ཀྱང་ཡོངས་བསྒྲགས་བྱས་པ་རེད།
     ཚོགས་འདུའི་ཐོག་གོ་ལ་ཧྲིལ་པོ་ཅན་གྱིས་རྒྱལ་ཁབ་ཁག་དང་ཡན་ལག་ས་ཁོངས་ཀྱི་འཕེལ་རྒྱས་ལ་ཐོན་པའི་དགེ་མཚན་ལྡན་པའི་ནུས་པར་ངོས་འཛིན་གཅིག་མཐུན་བྱུང་བ་དང་། ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་བསྒྲགས་བྱས་པ། ཚོང་དོན་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་དེ་བས་སྒོ་དབྱེ་དང་། བསྟུན་མཁས། དོ་སྙོམས། རྒྱུན་མཐུད་ཆོག་པ་བཅས་ཡོང་བ་དང་ཆབས་ཅིག་མི་ཚོགས་ཚང་མར་ཕན་པ་ཐོབ་པ་བྱེད་དགོས། ནོར་སྲིད་པུའི་པུའུ་ཀྲང་གཞོན་པ་ཁྲེང་ལི་ཧྭས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་སྐབས་GMSདཔལ་འབྱོར་མཉམ་ལས་ལ་ཐོབ་པའི་དགེ་མཚན་ལྡན་པའི་འཕེལ་རིམ་ལ་ཁས་ལེན་བྱས་ཏེ་སྤུས་ཚད་དེ་བས་མཐོ་བའི་ཡན་ལག་ས་ཁོངས་ཀྱི་མཉམ་ལས་ཐད་གྲོས་འགོ་བཞི་བཏོན་པ་སྟེ། གཅིག་ནི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དང་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་བརྟན་པོ་བྱས་ནས་ཚོང་དོན་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་གྱི་GMSབསྐྲུན་དགོས་པ་དང་། གཉིས་ནི“རྒྱུད་གཅིག་ལམ་གཅིག”སོགས་ཕྱོགས་མང་མཉམ་ལས་ལམ་སྲོལ་དང་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ས་ཁོངས་ནང་གི་ལམ་སྲོལ་སྣ་མང་མཉམ་འདྲེས་འཕེལ་རྒྱས་ཀྱི་GMSབསྐྲུན་དགོས་པ། གསུམ་ནི་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་ལག་རྩལ་སྣེ་ཁྲིད་དང་ཤེས་བྱ་མཉམ་སྤྱོད་རྣམ་པའི་GMSབསྐྲུན་དགོས་པ། བཞི་ནི་འཕེལ་རྒྱས་ཀྱི་འགལ་རྐྱེན་ཆེན་པོ་མེད་པ་བཟོས་ནས་སྒོ་དབྱེ་བསྟུན་མཁས་དང་མཉམ་སྤྱོད་དར་རྒྱས་ཀྱི་GMSབསྐྲུན་དགོས་པ་བཅས་རེད།