འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་21ཉིན།

༄༅༎སི་ཁྲོན་རྔ་པའི་སྐུ་བླ་གཞི་བདག་རི་བོ་ནས་ཐེངས་དང་པོར་ཆེས་གསལ་བའི་གསའ་ཡི་བརྙན་པར་ཞིག་བླངས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་21ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་གསར་འགྱུར་མཉམ་བསྒྲགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། སི་ཁྲོན་རྔ་པའི་སྐུ་བླ་གཞི་བདག་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱིས་མཛེས་ལྗོངས་ཁུལ་དུ་སྒྲིག་སྦྱོར་བྱས་པའི་དམར་ཕྱིའི་འོད་ཐིག་གི་པར་ཆས་ནས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་གསའ་ཡི་པར་དང་བརྙན་ཐུང་ཞིག་པར་བླངས་པ་རེད། དེ་ནི་སྐུ་བླ་གཞི་བདག་རི་བོ་ནས་གསའ་ཡི་བརྙན་པར་ལེན་ཐེངས་དང་པོ་དེ་རེད།
     གསའ་ནི་གངས་རིའི་ཉེ་འགྲམ་དུ་འཚོ་སྡོད་བྱེད་ཀྱི་ཡོད་ཅིང་། 1996ལོའི《ཀྲུང་གོའི་སྟོངས་ཉེར་ཡོད་པའི་སྲོག་ཆགས་ཀྱི་རྒྱབ་ཤ་དམར་པོའི་དེབ》ནང་། གསའ་དེ་སྟོངས་ཉེར་ཡོད་པའི་སྲོག་ཆགས་ལ་ངོས་འཛིན་བྱས་ཡོད། རང་རྒྱལ་ནི་གསའ་འཚོ་སྡོད་ཁྱབ་ཁོངས་ཆེ་ཤོས་ཀྱི་རྒྱལ་ཁབ་ཡིན་པས། གསའི་འཚོ་སྡོད་བྱ་ཡུལ་60%རང་རྒྱལ་དུ་ཡོད། ད་ཐེངས་སྐུ་བླ་གཞི་བདག་རི་བོའི་མཛེས་ལྗོངས་ཁུལ་ནས་གསའ་ཡི་བརྙན་པར་ལེན་ཐུབ་པ་དེ་ཐོག་ནས་སྲུང་སྐྱོང་ཁུལ་ནང་གསའ་འཚོ་སྡོད་བྱ་རྒྱུར་འཚམ་པའི་སྣོད་བཅུད་ཁོར་ཡུག་ཡོད་པ་མཚོན་ཡོད་པ་རེད།