འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་20ཉིན།

༄༅།།ཤང་ཀང་བས་དུས་ཟིང་ནང་བཀྲོངས་པའི་མི་སེར་སྤོ་བོ་ལའོ་ལ་མྱ་ངན་ཞུས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་20ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཤང་ཀང་བས་དུས་ཟིང་ནང་བཀྲོངས་པའི་མི་སེར་སྤོ་བོ་ལའོ་ལ་མྱ་ངན་ཞུས་པ།
     མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་19ཉིན། ལོ་70སླེབས་པའི་སྤོ་བོ་ལའོ་ནི་ཤང་ཀང་ཟིང་འཁྲུག་བྱུང་བ་ནས་བཟུང་། དྲག་སྤྱོད་པའི་དོན་རྐྱེན་ཁྲོད་དུ་གྲོངས་པའི་ཉེས་མེད་མི་སེར་ཐོག་མ་དེ་རེད། ཚེས་13ཉིན། ཧྲང་ཧྲུའུ་སྡོད་དམངས་སྐོར་ཞིག་གིས་ལམ་ཁ་གཙང་སེལ་བྱེད་སྐབས་ལྭ་བ་ནག་པོ་གྱོན་པའི་དྲག་སྤྱོད་པའི་འཇབ་རྒོལ་ཐེབས་ཤིང་། སྤོ་བོ་ལའོ་ལ་དྲག་སྤྱོད་པས་འཕངས་པའི་མཁྲེགས་རྫས་ཕོག་ནས་སར་བསྒྱེལ་ཞིང་། ཕྱིས་སུ་སྨན་ཁང་དུ་བསྐྱལ་ཡང་གནས་ཚུལ་ཚབས་ཇེ་ཆེར་སོང་ནས་ཚེས་14 ཉིན་ཚེ་ལས་འདས་པ་རེད།
    འདས་པོ་ལ་མྱ་ངན་དང་གུས་བཀུར་མཚོན་པའི་ཆེད་དུ། མི་རྣམས་ཀྱིས་དོན་རྐྱེན་བྱུང་ཡུལ་གྱི་ཉེ་འཁོར་དུ་རྗེས་དྲན་ཁང་པ་བསྐྲུན་ཞིང་། རྗེས་དྲན་ཁང་གི་ཉེ་འཁོར་དུ་ལུག་མིག་མེ་ཏོག་དཀར་པོ་དང་སེར་པོ་བཞག་ཡོད། ཤང་ཀང་གི་གྲོང་མི་མང་པོས་མྱ་ངན་མཚོན་བྱེད་ལ་མེ་ཏོག་སྐྱེལ་ཡོང་བཞིན་ཡོད། 
【1】  【2】
༄༅།།ཤང་ཀང་བས་དུས་ཟིང་ནང་བཀྲོངས་པའི་མི་སེར་སྤོ་བོ་ལའོ་ལ་མྱ་ངན་ཞུས་པ།