འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་20ཉིན།

༄༅།།གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ཕྱོགས་མང་ཇུས་གཞིར་བརྟེན་ནས་ཐག་གཅོད་
བྱེད་དགོས།

—— མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ་ཧོ་ཁེ་ཤེར་ཏེར་བཅར་འདྲི་བྱས་པའི་སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་20ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་ཅན་ཀང་གིས།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ་ཧྥ་པུའུ་ལི་ཆི་ཨའོ·ཧོ་ཁེ་ཤེར་ཏེས་ཉེ་ཆར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ཕྱོགས་མང་ཇུས་གཞིར་བརྟེན་ནས་ཐག་གཅོད་བྱེད་དགོས་ཞེས་བཤད་པ་རེད།
    ཧོ་ཁེ་ཤེར་ཏེས་དེང་སྐབས་འཛམ་གླིང་ལ“གོ་ལ་ཧྲིལ་པོའི་སྐད་ཆ་ཤོད་རེས”དང“རྒྱལ་སྤྱིའི་མཉམ་ལས”བྱེད་པའི་གལ་ཆེའི་རང་བཞིན་ནན་བཤད་བྱས་ཤིང་། ཁོང་གིས་ཇི་ལྟར་བྱས་ཏེ་རྒྱལ་སྤྱིའི་མཉམ་ལས་བསྐྱར་གསོ་དང་། འཇིགས་སྐུལ་ལ་ཁ་གཏད་ནུས་ལྡན་འཇལ་བ། རྒྱལ་ཁབ་ཁག་ལ་རོགས་རམ་གྱིས་མིའི་རིགས་ཀྱིས་རེ་སྒུག་བྱེད་པའི་འབྱུང་འགྱུར་མངོན་འགྱུར་ཡོང་ཆེད་སྐད་ཆ་ཤོད་རེས་བྱེད་དགོས་པའི་འབོད་སྐུལ་ཡང་བྱས་པ་རེད།
    2020ལོ་ནི་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་75འཁོར་བའི་ལོ་ཞིག་ཡིན་ཞིང་། དེས་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུའུ་ཐེ་ལེ་སེས་འདི་ལོའི་ཟླ་4པར་ཧོ་ཁེ་ཤེར་ཏེ་ལོ་75འཁོར་བའི་རྟེན་འབྲེལ་བྱེད་སྒོའི་གྲ་སྒྲིག་གི་ཆེད་མངགས་འགན་འཁུར་མཁན་དྲུང་ཆེ་གཞོན་པར་བསྐོས་པ་རེད།
     མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཟླ་10ཚེས་24ཉིན་ཁྱབ་བསྒྲགས་བྱས་དོན། དུས་སང་གི་ཟླ་དང་པོ་ནས་བཟུང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས“འཛམ་གླིང་གི་མདུན་ལམ་དང་མིའི་རིགས་ཀྱི་འབྱུང་འགྱུར་སྐོར་གྱི་སྔར་ན་མེད་པའི་གོ་ལ་ཧྲིལ་པོའི་སྐད་ཆ་ཤོད་རེས་ཆེ་ཤོས”བྱ་རྒྱུ་ཡིན་པའི་དམིགས་ཡུལ་ནི། ཕྱོགས་གང་ས་ཅི་ཐད་ནས་གོ་ལ་ཧྲིལ་པོའི་དམངས་ཚོགས་དང་འབྲེལ་འདྲིས་བྱས་ཏེ་ཁོང་ཚོའི་རེ་སྒུག་དང་འཇིགས་སྣང་ཤེས་པར་བྱེད་པ་དང་དུས་མཚུངས་དམངས་ཚོགས་ཁྲོད་ནས་གོ་ལ་ཧྲིལ་པོ་བཅོས་སྐྱོང་གི་ཐག་གཅོད་ཇུས་གཞི་རྙེད་ཐབས་བྱ་རྒྱུ་དེ་ཡིན་པ་རེད།
    ཧོ་ཁེ་ཤེར་ཏེས་ངའི་ལས་འགན་གཙོ་བོ་ནི་རྒྱལ་ཁབ་ཁག་གིས་སྐད་ཆ་ཤོད་རེས་དེ་དག་ལེགས་གྲུབ་ལྡན་པའི་ངང་བྱ་རྒྱུར་རོགས་རམ་ཧུར་ཐག་བྱས་ཏེ་དུས་སང་རྒྱལ་ཁབ་ཁག་གིས་གོ་ལ་ཧྲིལ་པོའི་མཉམ་ལས་ཀྱི་གལ་ཆེའི་རང་བཞིན་ཐད་ལ་སྐད་ཆ་ཤོད་རེས་བྱ་རྒྱུའི་སྐོར་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུའུ་ཐེ་ལེ་སེའི་རེ་བ་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་ཡིན་ཞེས་བཤད།
     ཧོ་ཁེ་ཤེར་ཏེས་གོ་ལ་ཧྲིལ་པོའི་སྐད་ཆ་ཤོད་རེས་ལ་ཕན་འབྲས་ཆེན་པོ་ཐོན་པ་བྱ་ཆེད། ཚོགས་མིའི་རྒྱལ་ཁབ་ཚང་མས་མཉམ་འབྲེལ་རྒྱལ་ཚོགས་དང་མཉམ་དུ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རང་སོ་སོའི་རྒྱལ་དམངས་དང་ལྷག་དོན་དུ་ན་གཞོན་ཚོ་དེའི་ནང་ཞུགས་རྒྱུའི་སྐུལ་སློང་བྱེད་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
     ཁོང་གིས“མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་75འཁོར་བའི་རྟེན་འབྲེལ་བྱེད་སྒོ་དང་གོ་ལ་ཧྲིལ་པོའི་སྐད་ཆ་ཤོད་རེས་བརྒྱུད་མི་ཚོས་འབྱུང་འགྱུར་ལ་བཅངས་པའི་སེམས་ཁྲལ་དང་རེ་སྒུག་འབོད་སྐུལ་བྱས་ཏེ་མིའི་རིགས་ཀྱིས་ཐུན་མོང་གི་འབྱུང་འགྱུར་དང་མདུན་ལྗོངས་སྔར་ལས་གསལ་བ་མཐོང་ཐུབ་པའི་རེ་བ་ཡོད། ང་ཚོས་སྐད་ཆ་ཤོད་རེས་བརྒྱུད་མི་རྣམས་ཀྱིས་འགྲན་སློང་དང་དཀའ་ངལ་གསལ་པོ་མཐོང་བ་དང་གནད་དོན་ཐག་གཅོད་བྱེད་པའི་ཁོང་ཚོའི་དགོས་གཏུག་གི་བསམ་པ་ཆེ་རུ་འགྲོ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད།
     ཧོ་ཁེ་ཤེར་ཏེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་193ཚང་མས་མི་རྣམས་ཀྱི་སེམས་ཁྲལ་རེ་སྒུག་དང་། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཇི་ལྟར་བྱས་ཏེ་དེ་བས་ཕན་འབྲས་ལྡན་པའི་ངང་འཁོར་སྐྱོད་བྱེད་པའི་ཐད་ཀྱི་དམངས་ཚོགས་ཀྱི་རེ་བ་བཅས་ལ་དམིགས་ནས་གྲོས་བསྡུར་བྱེད་པའི་རེ་བ་བྱེད་ཀྱི་ཡོད། ཁོང་གིས“གོ་ལ་ཧྲིལ་པོའི་གནད་དོན་དེ་གོ་ལ་ཧྲིལ་པོའི་མཉམ་ལས་ཁོ་ནར་བརྟེན་ནས་ཐག་གཅོད་བྱེད་དགོས”ཞེས་བཤད།
ཧོ་ཁེ་ཤེར་ཏེས་ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ལ་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཡང་ཡང་ཞུས་པ་དང་། ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཧ་ཅང་གལ་འགངས་ཆེ་བའི་མཉམ་ལས་རོགས་ཟླ་དང་ཕྱོགས་མང་མཉམ་ལས་ཀྱི་རྒྱབ་སྐྱོར་བ་ཞིག་ཡིན་ཞེས་བསྔགས་བརྗོད་ཀྱང་བྱས་ཤིང་། ཁོང་གིས“ང་ཚོས་ཀྲུང་གོའི་མི་དམངས་ཀྱིས་ཤུགས་དྲག་ལྡན་པའི་སྐད་སྒྲ་སྒྲོག་རྒྱུའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད”ཅེས་བཤད།
     ཧོ་ཁེ་ཤེར་ཏེས་ཀྲུང་གོས་གྲོང་ཁྱེར་ཅན་གྱི་འཕེལ་རིམ་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ། ལག་རྩལ་གསར་པ་བེད་སྤྱོད་དང་དེའི་ཉེན་ཁ་དོ་དམ་བཅས་ཐད་ཀྱི་རང་ཉིད་ཀྱི་ཉམས་མྱོང་འཛམ་གླིང་ལ་མཉམ་སྤྱོད་བྱེད་ཆོག་པའི་ངོས་འཛིན་བྱས་པ་རེད།