འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་20ཉིན།

༄༅།།ཀྲུང་གོ་དང་ཡོ་རོབ་ཀྱི་ཚན་རྩལ་མཉམ་ལས“འབྲུག་གི་འཆར་གཞིས”ཚན་ཞིབ་མི་སྣ་1500ལྷག་
ཙམ་གསོ་སྦྱོང་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་20ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་ཁྲུང་ཆིང་ནས་ཟླ་11ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་དང་ཡོ་རོབ་ཀྱི་ཚན་རྩལ་མཉམ་ལས“འབྲུག་གི་འཆར་གཞི”ལག་བསྟར་བྱེད་འགོ་བཙུགས་ནས་ལོ་15སོང་རིང་། ཚན་ཞིབ་མི་སྣ་1500ལྷག་ཙམ་གསོ་སྦྱོང་བྱས་ཏེ་ཀྲུང་གོ་དང་ཡོ་རོབ་ཕྱོགས་གཉིས་ཀར་རྒྱང་ཚོར་ཁྱབ་ཁོངས་ཀྱི་རྗེས་གྲབས་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་བྱས་ཡོད། དེ་ནི་གསར་འགོད་པར་ཚེས་18ཉིན་ཁྲུང་ཆིང་སློབ་ཆེན་དུ་འཚོགས་པའི“འབྲུག་གི་འཆར་གཞིའི”དུས་ཐེངས་བཞི་པའི་2019ལོའི་སྐམ་སའི་རྒྱང་ཚོར་གྱི་མཐོ་རིམ་གསོ་སྦྱོང་འཛིན་གྲྭའི་ཐོག་ནས་ཤེས་རྟོགས་བྱུང་བའི་གནས་ཚུལ་ཞིག་རེད།
     མིག་སྔར་ལག་བསྟར་བྱེད་བཞིན་པའི“འབྲུག་གི་འཆར་གཞིའི”དུས་ཐེངས་བཞི་པར(2016ལོ་ནས་2020ལོ་བར)ཁྱོན་མཉམ་ལས་རྣམ་གྲངས་28འཛུགས་ཡོད་པ་དང་། ཀྲུང་གོ་དང་ཡོ་རོབ་ཕྱོགས་གཉིས་ཀྱི་སྲུང་སྐར་གྲངས་གཞི་ཞིང་ལས་དང་། ནགས་ལས། ཆུ་བེད། གནོད་འཚེ། ཐིག་རིས། རླུང་ཁམས་ཆེ་མོ། རྒྱ་མཚོ་སོགས་ཀྱི་ཁྱབ་ཁོངས་སུ་སྤྱོད་རྒྱུར་དམིགས་ནས་ཕྱོགས་གཉིས་པོས་མཉམ་ལས་ཞིབ་མཇུག་བྱས་པ་རེད།