འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་18ཉིན།

༄༅།།སེང་གེ་དང་བསེ་རུ་རུ་ཝང་ཏའི་ཨ་ཁར་ཀའེ་ལ་རྒྱལ་ཁབ་སྤྱི་གླིང་ནས་སླར་ཡང་མཐོང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་18ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།སེང་གེ་དང་བསེ་རུ་རུ་ཝང་ཏའི་ཨ་ཁར་ཀའེ་ལ་རྒྱལ་ཁབ་སྤྱི་གླིང་ནས་སླར་ཡང་མཐོང་བ།
    མི་དམངས་དྲ་བའི་འཕྲིན། 1934ལོར་སྐྲུན་པའི་ཨ་ཁར་ཀའེ་ལ་རྒྱལ་ཁབ་སྤྱི་གླིང་ནི་རུ་ཝང་ཏའི་ཚ་ཁུལ་རྩྭ་ཐང་སྲུང་སྐྱོང་ཁུལ་གཅིག་པུ་དེ་རེད། སྤྱི་གླིང་ནང་རི་མ་ཐང་དང་། ཀླུང་ཐང། མཚེའུ་སོགས་ས་དབྱིབས་འདྲ་མིན་སྣ་ཚོགས་ཡོད་ལ། གཟུགས་ཆེ་བའི་འོ་འཐུང་སྲོག་ཆགས་8000ལྷག་ཙམ་དང་བྱ་རིགས་500ཙམ་འཚོ་སྡོད་བྱེད་བཞིན་ཡོད་པ་དང་དུས་མཚུངས། རྩ་ཆེའི་སྐྱེ་དངོས་ཀྱི་ཁྱིམ་གཞིས་ཡང་རེད། ཡིན་ནའང་། དུས་རབས་གོང་མའི་ལོ་རབས་90པར། ཨ་ཁར་ཀའེ་ལ་རྒྱལ་ཁབ་སྤྱི་གླིང་དུ་རུ་ཝང་ཏའི་དམར་གསོད་ཆེན་པོའི་ཤུགས་རྐྱེན་ཐེབས་པས། སྤྱི་གླིང་གི་ཁོར་ཡུག་ལ་གཏོར་བཤིག་ཕོག་སྟེ་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་འབོར་ཆེན་ཤི་བ་རེད།  ཉེ་བའི་ལོ་ཤས་རིང་སྤྱི་གླིང་གི་རྣམ་པ་སླར་གསོ་བྱུང་ཡོད། 2015ལོ་དང་2017ལོར། སྤྱི་གླིང་དུ་ལོ་10ལྷག་ཙམ་རིང་རུ་ཝང་ཏར་མཐོང་རྒྱུ་མེད་པའི་སེང་གེ་དང་བསེ་རུ་ནང་འདྲེན་བྱས་པ་དང་། 2019ལོའི་ཟླ་6པར། ཡོ་རོབ་ནས་ཡིན་པའི་བསེ་རུ་5སླར་ཡང་བསུས་པ་རེད། འདི་ནི་ཟླ་11ཚེས་17ཉིན། རུ་ཝང་ཏའི་ཨ་ཁར་ཀའེ་ལ་རྒྱལ་ཁབ་སྤྱི་གླིང་ནས་པར་བླངས་པའི་སེང་གེའི་ཁྱུ་ཚོགས་ཡིན་པ།
【1】  【2】  【3】
༄༅།།སེང་གེ་དང་བསེ་རུ་རུ་ཝང་ཏའི་ཨ་ཁར་ཀའེ་ལ་རྒྱལ་ཁབ་སྤྱི་གླིང་ནས་སླར་ཡང་མཐོང་བ།