འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་18ཉིན།

༄༅༎སྲོལ་རྒྱུན་རིག་གནས་ལས་མང་ཚོགས་ལ་འབབ་འཕར་བྱུང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་18ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་མཉམ་ལས་ཁང་གི་ལས་དོན་མི་སྣས་དུང་ལོ་དཀར་པོའི་བོད་ཤོག་བཟོ་བཞིན་པ།
འདི་ནི་མཉམ་ལས་ཁང་གི་ལས་དོན་མི་སྣས་དུང་ལོ་དཀར་པོའི་བོད་ཤོག་བཟོ་བཞིན་པ།
     བཞི་ཁ་མི་རིགས་མོན་པ་གྲོང་ཚོ་ནི་2003ལོར་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དགའ་ལྡན་ཤང་གི་གྲོང་ཚོ་གཉིས་ཟླ་སྒྲིལ་བཏང་ནས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཁོངས་སུ་སྤོས་པའི་གནས་སྤོས་གྲོང་གསར་ཞིག་རེད། བོད་རིགས་དང་། མོན་པ། ལྷོ་པ་བཅས་མི་རིགས་གསུམ་ལས་གྲུབ་པའི་བཞི་ཁ་གྲོང་ཚོའི་དཔལ་འབྱོར་ཡོང་འབབ་གཙོ་བོ་སྲིད་གཞུང་གི་ཁ་གསབ་དང་ཞིང་འབྲོག་ལས་ཐོན་སྐྱེད་ལ་བརྟེན་གྱི་ཡོད།
     2015ལོའི་ཟླ་3པར་བཞི་ཁ་མོན་པ་གྲོང་ཚོའི་དུད་ཚང་ལྔ་ཡིས་རྐང་དངུལ་སྒོར་ཁྲི་5རེ་བཏོན་པ་དང་སྲིད་གཞུང་གི་རོགས་སྐྱོར་དང་། མཉམ་ལས་ཁང་། འཇོན་ཐང་ཅན། དུད་ཚང་དབུལ་པོ་བཅས་ཟུང་འབྲེལ་གྱི་བྱེད་སྟངས་བརྒྱུད་དུང་ལོ་དཀར་པོའི་བོད་ཤོག་ལས་སྣོན་མཉམ་ལས་ཁང་བཙུགས་པ་རེད། ཕྱིས་སུ་ཉིང་ཁྲི་གྲོང་ཁྱེར་དང་སྨན་གླིང་རྫོང་རིམ་གཉིས་སྲིད་གཞུང་གིས་སྒོར་ཁྲི་490ལྷག་ཙམ་བཏང་ནས་བཞི་ཁ་གྲོང་ཚོར་ས་ཁྱོན་སྨི་ངོས་གྲུ་689ཟིན་པའི་བོད་ཤོག་ཐོན་སྐྱེད་དང་། ཤིང་བརྐོས། སྤོས་ཐོན་སྐྱེད། ཡུལ་སྐོར་བཅས་གཞི་གཅིག་ཏུ་བསྡུས་པའི་ཕྱོགས་བསྡུས་རང་བཞིན་གྱི་ཡུལ་སྐོར་ཉམས་ལེན་ཁང་ཞིག་བཙུགས་པ་རེད། མཉམ་ལས་ཁང་བསྐྲུན་རྗེས་ལས་ཞུགས་ལས་གནས་30ཙམ་ཐག་གཅོད་བྱས་པ་མ་ཟད། ད་དུང་བཞི་ཁ་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་ལོ་ལྟར་འབབ་འཕར་སྒོར་5000ལྷག་ཙམ་བྱུང་ཡོད།
     སྡེ་དགེ་པར་ཁང་དུ་ཤིང་པར་བརྐོས་པ་དང་བོད་ཤོག་ལས་སྣོན་བྱས་ནས་ལོ་20ལྷག་ཙམ་སོང་བའི་ཐུབ་བསྟན་གྱིས་བོད་ཤོག་བཟོ་བའི་སྲོལ་རྒྱུན་གྱི་ལག་ཤེས་རྒྱུན་འཛིན་དང་འཕེལ་རྒྱས། གསར་གཏོད་བཅས་བྱས་ཏེ་དུང་ལོ་དཀར་པོའི་བོད་ཤོག་སྤུས་རྟགས་བཏོད་པ་རེད། ལོ་མང་རིང་ཁོང་གི་འབད་བརྩོན་འོག དེ་ནས་ཐོན་སྐྱེད་བྱས་པའི་བོད་ཤོག་ལྗོངས་ཕྱི་ནང་དུ་བྲིན་ཁ་རྒྱུག་པ་མ་ཟད། བོད་ཤོག་གི་སྤུས་ཀ་ལེགས་ལ་འཛད་སྤྱོད་པའི་དགོས་མཁོ་སྣ་ཚོགས་སྐོང་ཐུབ་པས། ཁྱབ་ཁོངས་དེར་མཚན་སྙན་མང་པོ་ཐོབ་ཡོད། མཉམ་ལས་ཁང་དེས་ཁྲོམ་རའི་དགོས་མཁོ་ལྟར་བོད་ཤོག་ཆེ་ཆུང་སྣ་ཚོགས་མངགས་བཟོ་བྱེད་པས། འཛད་སྤྱོད་པ་མང་པོའི་དགའ་བསུ་ཐོབ་ཡོད། ཁོང་གིས་སྲོལ་རྒྱུན་གྱི་བོད་ཤོག་ལ་བརྟེན་ནས་འབྲི་དེབ་དང་། ལྒང་བཞུ། ཡིག་སྐོགས། ཐང་ག་སོགས་ཐོན་རྫས་ཕུན་སུམ་ཚོགས་པོ་བཏོན་ཡོད།
     དུང་ལོ་དཀར་པོ་བོད་ཤོག་ལས་སྣོན་མཉམ་ལས་ཁང་གཉེར་སྐྱོང་བྱེད་པ་ཕུད། ཐུབ་བསྟན་གྱིས་ད་དུང་རྟེན་རྫས་བཤམས་མཛོད་ཁང་ཆུང་ངུ་ཞིག་བཙུགས་ནས། ཡུལ་སྐོར་བ་དེ་བས་མང་པོ་དེ་གར་ཡུལ་སྐོར་དུ་ཡོང་བའི་ཡིད་དབང་བཀུག་པ་དང་ཆབས་ཅིག དེ་གའི་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་རྩིས་ཡོད་པ་རེད།
【1】  【2】
འདི་ནི་རྒྱགས་ལོད་ཀྱིས་སྐྱེམས་སྟོང་བོད་ཤོག་གི་ཐོན་རྫས་སྣ་ཚོགས་སྟོན་པ།
འདི་ནི་རྒྱགས་ལོད་ཀྱིས་སྐྱེམས་སྟོང་བོད་ཤོག་གི་ཐོན་རྫས་སྣ་ཚོགས་སྟོན་པ།