མི་དམངས་དྲ་བ།

༄༅༎《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་སྤེལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་17ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་22པའི་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་ལྔ་པའི་ཐོག《གུང་ཁྲན་ཏང་གི་བསྒྲགས་གཏམ》དང་དེའི་དུས་རབས་ཀྱི་དོན་སྙིང་སྐོར་གྱི་གསུང་བཤད་གལ་ཆེན་ཏེ།《མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུ་ནི་གུང་ཁྲན་ཏང་མིས་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་ཞིག་ཡིན》ཞེས་པ་སྤེལ་གནང་ཡོད།
     གསུང་རྩོམ་ནང་། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུ་ནི་གུང་ཁྲན་ཏང་མིས་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་ཞིག་རེད། ང་ཚོས《གུང་ཁྲན་ཏང་གི་བསྒྲགས་གཏམ》བསྐྱར་དྲན་བྱེད་པ་ནི་མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་གྱི་སྟོབས་ཤུགས་ཤེས་ཚོར་ཐུབ་པ་དང་། མར་ཁེ་སི་རིང་ལུགས་ཀྱི་དད་སེམས་བརྟན་དུ་གཏོང་བ། མར་ཁེ་སི་རིང་ལུགས་སྲིད་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་འབྱུང་རྩའི་ཁུངས་འདེད་པ་བཅས་ཡིན་པས། ཏང་ཡོངས་ཀྱིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པར་བརྟེན་ནས་དེང་རབས་ཀྱི་ཀྲུང་གོའི་དོན་དངོས་གནད་དོན་ཐག་གཅོད་བྱེད་པའི་འཇོན་ཐང་ཆེ་རུ་དང་ཆུ་ཚད་གོང་མཐོར་བཏང་སྟེ《གུང་ཁྲང་ཏང་གི་བསྒྲགས་གཏམ》ནང་ཚན་རིག་གི་རྩ་བའི་རིགས་པ་དང་ཚན་རིག་གི་སྙིང་སྟོབས་ལྡན་པ་དེ་རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་འདུ་འགོད། རླབས་ཆེན་གྱི་བྱ་གཞག རླབས་ཆེན་གྱི་ཕུགས་འདུན་བཅས་ཀྱི་ལག་ལེན་ཁྲོད་གཅིག་འདོམས་བྱས་ཏེ་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་གོང་འཕེལ་གཏོང་བའི་ལེའུ་གསར་པ་རྒྱུན་ཆད་མེད་པར་རྩོམ་དགོས་པའི་ནན་བཤད་གནང་ཡོད།
     གསུམ་རྩོམ་ནང་། 《གུང་ཁྲན་ཏང་གི་བསྒྲགས་གཏམ》གྱི་རིགས་པའི་གཞུང་ལུགས་ཀྱི་ལེགས་སྐྱེས་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས། 《གུང་ཁྲན་ཏང་གི་བསྒྲགས་གཏམ》ནི་ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་རིགས་པར་ཕྱོགས་ཡོངས་ནས་རྒྱས་བཤད་བྱེད་ཐེངས་དང་པོ་ཡིན་པའི་རླབས་ཆེན་རྩོམ་ཡིག་ཞིག་ཡིན་ཞིང་། མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བར་རྒྱས་བཤད་གཏིང་ཟབ་དང་། མར་ཁེ་སི་རིང་ལུགས་སྲིད་ཏང་གི་སྔོན་ཐོན་གཤིས་རྒྱུད་ལ་རྒྱས་བཤད་གཏིང་ཟབ། མར་ཁེ་སི་རིང་ལུགས་སྲིད་ཏང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་རྒྱས་བཤད་གཏིང་ཟབ། མར་ཁེ་སི་རིང་ལུགས་སྲིད་ཏང་གི་བླ་ན་མ་མེད་པའི་ཕུགས་བསམ་ལ་རྒྱས་བཤད་གཏིང་ཟབ། མར་ཁེ་སི་རིང་ལུགས་ཀྱི་གསར་བརྗེའི་རྩ་འཛིན་ལ་རྒྱས་བཤད་གཏིང་ཟབ། མར་ཁེ་སི་རིང་ལུགས་སྲིད་ཏང་གི་རྒྱལ་སྤྱི་རིང་ལུགས་ཀྱི་སྙིང་སྟོབས་ལ་རྒྱས་བཤད་གཏིང་ཟབ་བཅས་བྱས་པ་ཞིག་རེད་ཅེས་བསྟན་ཡོད་པ་རེད།
     གསུང་རྩོམ་ནང་། 《གུང་ཁྲན་ཏང་གི་བསྒྲགས་གཏམ》གྱིས་འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ལ་ཐོན་པའི་ཤུགས་རྐྱེན་ཟབ་མོར་ངོས་འཛིན་གཏིང་ཟབ་བྱེད་དགོས། 《གུང་ཁྲན་ཏང་གི་བསྒྲགས་གཏམ》བཏོན་པ་ཙམ་གྱིས་ལག་ལེན་གྱི་ཐོག་ནས་འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ལ་སྐུལ་མ་ཐེབས་པ་དང་། མིའི་རིགས་ཀྱི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་འགྱུར་ལྡོག་གཏིང་ཟབ་བཏང་ཡོད། རང་རེའི་ཏང་གིས་གསར་གཏོད་བྱས་པའི་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་འགྲོ་ལམ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེའི་འགྲོ་ལམ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་འགྲོ་ལམ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བཅས་ཚང་མ་ནི་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དང་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་ཕན་ཚུན་ཟུང་འབྲེལ་གྱི་རླབས་ཆེན་གྱི་གསར་གཏོད་ཅིག་རེད། ཀྲུང་གོ་གུང་ཁྲན་ཏང་ནི《གུང་ཁྲན་ཏང་གི་བསྒྲགས་གཏམ》གྱི་དགོངས་དོན་ལྷག་བསམ་རྣམ་དག་ངང་རྒྱུན་འཛིན་བྱེད་མཁན་ཞིག་རེད་ཅེས་བསྟན་ཡོད་པ་རེད།
     གསུང་རྩོམ་ནང་། 《གུང་ཁྲན་ཏང་གི་བསྒྲགས་གཏམ》གྱི་ཚན་རིག་གི་རྩ་བའི་རིགས་པ་དང་ཚན་རིག་གི་དགོངས་དོན་མཐའ་འཁྱོངས་བྱེད་དགོས། དང་པོ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་གི་ཕུགས་བསམ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་ཕུགས་འདུན་མངོན་འགྱུར་ཆེད་དུ་འབད་འཐབ་ལྷོད་མེད་བྱེད་དགོས་པ་དང་། གཉིས་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལྷག་བསམ་རྣམ་དག་ངང་ལག་ལེན་བསྟར་དགོས་པ། གསུམ་པ། འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་པ། བཞི་པ། དུས་རབས་གསར་པའི་བླང་བྱ་གསར་པར་གཞིགས་ཏེ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ། ལྔ་པ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གོ་རྟོགས་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པ། དྲུག་པ། མར་ཁེ་སི་རིང་ལུགས་ཀྱི་ཚད་ལྡན་གསུང་རྩོམ་སློབ་སྦྱོང་དང་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་དགོས་པ་བཅས་བསྟན་ཡོད་པ་རེད།

  
style="display:none;"