འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་17ཉིན།

༄༅༎རང་རྒྱལ་གྱི་ལས་ཞུགས་གསར་འཕར་གྱི་ལོ་ཧྲིལ་པོའི་དམིགས་ཚད་སྔ་སྣུར་དུ་མངོན་འགྱུར་བྱུང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་17ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན་རྒྱལ་ཁབ་སྡོམ་རྩིས་ཅུས་ཀྱི་གསར་འགྱུར་མགྲིན་ཚབ་པ་ལིའུ་ཨའེ་ཧྭ་ཡིས་ངོ་སྤྲོད་བྱས་པར། ཟླ་1ནས་10པའི་བར། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་ཐུབ་པའི་མི་ཁྲི་1193འཕར་ནས་ལོ་ཧྲིལ་པོར་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་ཐུབ་པའི་མི་ཁྲི་1100ཡན་འཕར་རྒྱུའི་དམིགས་ཚད་སྔ་སྣུར་དུ་མངོན་འགྱུར་བྱུང་བ་རེད།
     ལིའུ་ཨའེ་ཧྭ་ཡིས་དེ་ཉིན་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་ཡོངས་བསྒྲགས་ཚོགས་འདུའི་ཐོག་ངོ་སྤྲོད་བྱས་པར། ཟླ་10པར། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་ཐུབ་པའི་ལས་ཀ་ཤོར་ཚད་5.1%ཟིན་པ་དེ་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.1ཆག་ཡོད། དེའི་ནང་ལོ་25ནས་ལོ་59བར་གྱི་ལས་ཀ་ཤོར་ཚད་4.6%ཟིན་ནས་ཟླ་གོང་མ་དང་གཅིག་མཚུངས་ཡིན་པ་རེད།