འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་17ཉིན།

༄༅༎དུས་ཚིགས་དང་པོ་ནས་གསུམ་པའི་བར་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ལ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་
བསྡོམས་འབོར་སྒོར་དུང་ཕྱུར་140.78བྱུང་བ།

ལོ་གོང་མའི་དུས་མཚུངས་ལས་8.9%འཕར་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་17ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་བསྡོམས་རྩིས་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ཡག་པོ་ཡོད་པ་མ་ཟད། སྤྱིའི་ཆ་ནས་བརྟན་པོ་ཡོད་པ་རེད། ཟླ་དང་པོ་ནས་དགུ་པའི་བར་ཆབ་མདོ་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་140.78ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་8.9%(བསྡུར་གཞི་ཡོད་པའི་རིན་གོང)འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར་12.74ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་3.2%འཕར་བ་དང་། ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར་59.44ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་10.6%འཕར་བ། ཐོན་ལས་གསུམ་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར་68.6ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་8.8%འཕར་ཡོད། ཐོན་ལས་གསུམ་གྱི་གྲུབ་ཆ་ནི་9∶42.2∶48.8རེད།
     ལས་རིགས་གཙོ་བོར་བལྟས་ན། ཞིང་ལས་ཐོན་སྐྱེད་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་ཞིང་། གྲོང་ཁྱེར་ཡོངས་ཀྱི་ཞིང་ལས་དང་། ནགས་ལས། འབྲོག་ལས་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་18.1ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་4.8%འཕར་ཡོད། དེའི་ནང་ཞིང་ལས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་7.83དང་། ནགས་ལས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་0.79 འབྲོག་ལས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་9.1བཅས་ཟིན་ཡོད། བཟོ་ལས་དཔལ་འབྱོར་མུ་མཐུད་བརྟན་པོ་ཡོད་ཅིང་། གྲོང་ཁྱེར་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་18.1ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་14.7%འཕར་ཡོད། བཟོ་ལས་ལྕི་ཡང་ནས་དབྱེ་ན། ཡང་བའི་བཟོ་ལས་ལ་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་1.1དང་ལྕི་བའི་བཟོ་ལས་ཀྱིས་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་17.0ཟིན་པ་དང་། མ་རྐང་ཚོད་འཛིན་གྱི་རིགས་ནས་དབྱེ་ནས། གཞུང་ཁོངས་མ་རྐང་ཚོད་འཛིན་ཁེ་ལས་ལ་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་16.2དང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ལ་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་1.9ཟིན་ཡོད། དེ་དང་ཆབས་ཅིག་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་བརྟན་པོའི་ངང་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས་གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་43.94ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་3.7%འཕར་ཡོད། གཞན་ཡང་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་ཆག་ཚད་མཐོ་རུ་སོང་ནས་གྲོང་ཁྱེར་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་ལོ་གོང་མའི་དུས་མཚུངས་ལས་23.9%ཆག་ཡོད་པ་རེད།