འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་15ཉིན།

༄༅།།སློབ་གསོ་པུའུ་ཡིས་བཅའ་ཁྲིམས་དང་སྒྲིག་ཁྲིམས་ལྟར་ཐག་གཅོད་དགོས་ཟེར།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་15ཉིན། 14:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཧོ་ནན་ཡུའུ་ཀྲོའུ་ཡི་བུ་མོ་ལོ་7ཅན་གྱི་མིག་ནང་དུ་སློབ་གྲོགས་ཀྱིས་ཤོག་དུམ་བརྫངས་པའི་དོན་ལ་བགྲོ་གླེང་རྒྱ་ཆེ་བྱུང་ཡོད། ཚེས་14ཉིན་སྤེལ་བའི་སློབ་གསོ་པུའུ་ཡི་གསར་འགྱུར་བརྡ་སྦྱོར་ཚོགས་འདུའི་ཐོག་ནས། སློབ་གསོ་པུའུ་རྨང་གཞིའི་སློབ་གསོ་སི་ཡི་སི་ཀྲང་ལུའུ་ཡུའུ་ཀང་གིས་འདིའི་ཐད་ལན་སྤྲད་དོན། སློབ་གསོ་པུའུ་ཡིས་ཐོག་མཐའ་བར་གསུམ་དུ་སློབ་རྭའི་བརྙས་བཅོས་བྱ་སྤྱོད་ཐད་མཐོང་ཆེན་དང་ལེགས་བཅོས་བྱེད་བཞིན་ཡོད་པ་དང་། ཆེད་དུ་བྱ་སྤྱོད་འདིའི་རིགས་ལ་ལྟ་སྐུལ་ཞིབ་བཤེར་བྱེད་བཞིན་ཡོད་ཟེར། 
    ས་ཆ་གང་དང་སློབ་གྲྭ་གང་ཞིག་ཡིན་རུང་སློབ་རྭའི་བརྙས་བཅོས་བྱ་སྤྱོད་འདིའི་རིགས་ཀྱི་གནས་ཚུལ་བྱུང་ན། ནུས་ལྡན་གྱི་བྱ་སྤྱོད་ལག་བསྟར་བྱེད་དགོས། ལུའུ་ཡུའུ་ཀང་གིས། ཕྱོགས་གཅིག་ནས་བྱིས་པ་ལོ་ཆུང་བས་སློབ་གསོའི་སྣེ་ཁྲིད་ཐད་ཤུགས་སྣོན་དགོས་པ་དང་། ཕྱོགས་གཞན་ཞིག་ནས་ཁྱིམ་བདག་གིས་ལྟ་སྐྱོང་གི་འགན་འཁྲི་འཁུར་བའི་ཐད་ལ་མཛུབ་སྟོན་བྱེད་པར་ཤུགས་སྣོན་དགོས། སློབ་གྲྭའི་ཐད་ནས་བཤད་ན། གོམ་གང་མདུན་སྤོས་ཀྱིས་དོ་དམ་ཐད་ཤུགས་སྣོན་དགོས་ཤིང་། སློབ་གྲྭའི་སྒྲིག་ལམ་དང་སྒྲིག་ཁྲིམས་དམ་པོ་བྱས་ནས་འདིའི་རིགས་མི་ཐོན་པ་བྱེད་དགོས་པ་དང་། སློབ་རྭའི་བརྙས་བཅོས་བྱ་སྤྱོད་ཅི་ནུས་ཀྱིས་འགོག་དགོས་པ། དུས་མཉམ་དུ་གྱོད་དོན་ཚབས་ཆེན་ལ་བཅའ་ཁྲིམས་སྒྲིག་ཁྲིམས་ལྟར་ཐག་གཅོད་དགོས་ཞེས་བསྟན།