འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་15ཉིན།

༄༅༎མཐའ་མཚམས་གྲོང་ཁྱེར་དང་གྲོང་རྡལ་ལ་རྣམ་པ་གསར་པ་མངོན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་15ཉིན། 14:15】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
པར་རིས་ནི་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་གྱི་ཟུར་གཅིག་ཡིན།
པར་རིས་ནི་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་གྱི་ཟུར་གཅིག་ཡིན།
     མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་སྐུལ་འདེད་འོག  སྐྱིད་གྲོང་རྫོང་གིས་གནས་ཡུལ་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་པས་དཔལ་འབྱོར་དང་སྤྱི་ཚོགས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ད་ལོའི་དུས་ཚིགས་སྔོན་མ་གསུམ་པོར་སྐྱིད་གྲོང་འགག་སྒོའི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་27.74ཟིན་པ་དང་། དེ་ན་ནིང་གི་དུས་མཚུངས་དང་བསྡུར་ན་22.21%འཕར་ཡོད་པ་རེད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱིན་པ་ལས་མཐའ་མཚམས་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་ལའང་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་གྱི་ཡོད་དོ༎