འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་15ཉིན།

༄༅།།ཚོང་དོན་པུས་སྒོ་ཁྲལ་མེད་པ་བཟོ་བའི་ཚད་དེ་ཕྱོགས་གཉིས་པོས་ཐུན་མོང་ཐོག་ཚོད་རྩིས་
བྱེད་པ་དང་སྦྲགས་དུས་རིམ་དང་པོའི་གྲོས་མཐུན་གྱི་གལ་ཆེའི་རང་བཞིན་གང་ལེགས་
མངོན་པ་བྱེད་དགོས་པ་བསྟན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་15ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཚོང་དོན་པུས་སྒོ་ཁྲལ་མེད་པ་བཟོ་བའི་ཚད་དེ་ཕྱོགས་གཉིས་པོས་ཐུན་མོང་ཐོག་ཚོད་རྩིས་
བྱེད་པ་དང་སྦྲགས་དུས་རིམ་དང་པོའི་གྲོས་མཐུན་གྱི་གལ་ཆེའི་རང་བཞིན་གང་ལེགས་
མངོན་པ་བྱེད་དགོས་པ་བསྟན་པ།
     མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་14ཉིན། ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པ་ཀའོ་ཧྥུང་གིས་ཚོང་དོན་པུའི་འཆར་ཅན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག   ཀྲུང་གོ་ཕྱོགས་ཀྱིས་ཐེངས་མང་ནན་བཤད་བྱས་དོན། ཚོང་དོན་རྩོད་གཞི་ནི་སྒོ་ཁྲལ་འཕར་སྣོན་བྱས་པ་ལས་བྱུང་བས། སྒོ་ཁྲལ་འཕར་སྣོན་མེད་པ་བཟོ་བ་དང་བསྟུན་མཇུག་སྒྲིལ་དགོས།  འདི་ནི་ཕྱོགས་གཉིས་པོའི་དབར་གྲོས་མོལ་ལ་གྲོས་འཆམ་བྱུང་བའི་ཆ་རྐྱེན་གལ་ཆེན་ཞིག་རེད། སྒོ་ཁྲལ་འཕར་སྣོན་མེད་པ་བཟོས་པ་དེ་།  ཐོན་སྐྱེད་པ་དང་མཛད་སྤྱོད་པའི་ཁེ་ཕན་དང་མཐུན་ཞིང་། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་དང་མཐུན་ལ། འཛམ་གླིང་གི་ཁེ་ཕན་དང་ཡང་མཐུན་ཡོད་པས་དེ་ནི་ཕྱོགས་གཉིས་ཀྱི་ཁེ་ཕན་ཡིན་པ་ལས་ཕྱོགས་རྐྱང་པའི་ཁེ་ཕན་མིན་ཞེས་བརྗོད་པ་རེད། 
  ཀའོ་ཧྥུང་གིས་གལ་ཏེ་ཕྱོགས་གཉིས་དབར་དུས་རིམ་དང་པའི་གྲོས་མོལ་ལ་གྲོས་འཆམ་བྱུང་ན། སྒོ་ཁྲལ་མེད་པ་བཟོ་བའི་ཚད་ལས་དུས་རིམ་དང་པོའི་གྲོས་མཐུན་གྱི་གལ་ཆེའི་རང་བཞིན་གང་ལེགས་མངོན་དགོས།  ཡིན་ཡང་དེའི་གལ་ཆེའི་རང་བཞིན་དེ་ཕྱོགས་གཉིས་པོས་ཐུན་མོང་ཐོག་ཚོད་རྩིས་བྱེད་དགོས། ཕྱོགས་གཉིས་པོས་དེའི་ཐད་གྲོས་བསྡུར་གཏིང་ཟབ་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ། འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག   ཕན་ཚུན་གཉིས་ཀས་དོ་ཁུར་བྱེད་པའི་རྩ་བའི་གནད་དོན་ཐག་བཅད་འོས་འཚམ་བྱས་ཏེ།  དུས་རིམ་དང་པོའི་གྲོས་མོལ་ལ་གྲོས་འཆམ་ཡོང་རྒྱུར་ཆ་རྐྱེན་སྐྲུན་འདོད་ཡོད་ཅེས་བརྗོད་པ་རེད།