འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་15ཉིན།

༄༅༎ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱི་
ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་བོད་རང་སྐྱོང་ལྗོངས་སུ་སྒྲོག་འགྲེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་15ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་བོད་ལྗོངས་མི་དམངས་ཚོགས་ཁང་ཆེ་མོར་སྒྲོག་འགྲེལ་བྱེད་བཞིན་པ།
འདི་ནི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་བོད་ལྗོངས་མི་དམངས་ཚོགས་ཁང་ཆེ་མོར་སྒྲོག་འགྲེལ་བྱེད་བཞིན་པ།
     ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་11ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་13ཉིན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དུ་སྒྲོག་འགྲེལ་བྱས་ཤིང་། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དམངས་སྲིད་པུའི་པུའུ་ཀྲང་གཞོན་པ་ཀྲན་ཁྲེང་ཕུའུ་ཡིས་སྒྲོག་འགྲེལ་སྙན་ཞུ་གནང་བ་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་གཙོ་སྐྱོང་གནང་བ་རེད།
     ཚེས་13ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཀྱི་ཏང་སྲིད་ལས་ཁུངས་དང་། བོད་སྡོད་དཔུང་སྡེ། མཐོ་རིམ་སློབ་གླིང་དང་སློབ་གྲྭ། ཁྲོམ་གཞུང་སོགས་ཀྱི་གསན་པ་པོ་900ལྷག་ཙམ་ས་ཆ་དངོས་སུ་སྙན་ཞུ་ཉན་པར་སླེབས་ཡོད། ཀྲན་ཁྲེང་ཕུའུ་ཡིས“ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ”དང་། “ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་མངོན་གསལ་དོད་པའི་ལེགས་ཆར་ངོས་འཛིན་གཏིང་ཟབ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ”“ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྤྱིའི་བླང་བྱ་དང་། སྤྱིའི་དམིགས་ཚད། གཙོ་གནད་ལས་འགན་བཅས་ཁོང་དུ་ཡག་པོ་ཆུད་པར་བྱེད་པ” “ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ཚང་འཛོམས་གྲོས་ཚོགས་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་ཕྱོགས་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་པ”སོགས་ཐད་ནས་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཆ་ལག་ཚང་ལ་གཏིང་ཟབ་པ་དང་། ཕྱོཌ་ཡོངས་དང་གནད་ལ་འཁེལ་བའི་སྒོ་ནས་འཆད་འགྲེལ་དང་གསལ་འགྲེལ་གནང་བས་ས་ཆ་དངོས་ཀྱི་གསན་པ་པོའི་དགའ་བསུ་ཆེན་པོ་ཐོབ་ཡོད།
     ཚེས་13ཉིན་གྱི་ཕྱི་དྲོ། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་དང་བཅས་པ་བོད་ལྗོངས་སློབ་ཆེན་རྔ་ཆེན་སློབ་ཁུལ་དུ་སྤེལ་རེས་གནང་བར་ཕེབས་ཤིང་། བོད་ལྗོངས་སློབ་ཆེན་དང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་སོགས་ཀྱི་སློབ་གྲྭའི་དགེ་སློབ་ཀྱི་འཐུས་མིས་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པར་གཅིག་རྗེས་གཉིས་མཐུད་ངང་དྲི་བ་བཏོན་པ་རེད། ཀྲན་ཁྲེང་ཕུའུ་ཡིས་ལས་ཞུགས་དང་བོད་ཀྱི་གསོ་བ་རིག་པའི་ཐོན་ལས་འཕེལ་རྒྱས་སོཌ་ཀྱི་གནད་དོན་ལ་ཞིབ་ཅིང་ཕྲ་བའི་ངང་ལན་བསྐྱོན་པ་རེད།
འདི་ནི་བོད་ལྗོངས་སློབ་ཆེན་གྱི་སློབ་མའི་འཐུས་མིས་སློབ་ཆེན་སློབ་མའི་ལས་ཞུགས་ལ་དམིགས་ཏེ་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དམངས་སྲིད་པུའི་པུའུ་ཀྲང་གཞོན་པ་ཀྲན་ཁྲེང་ཕུའུ་ལ་དྲི་བ་འདོན་བཞིན་པ།
འདི་ནི་བོད་ལྗོངས་སློབ་ཆེན་གྱི་སློབ་མའི་འཐུས་མིས་སློབ་ཆེན་སློབ་མའི་ལས་ཞུགས་ལ་དམིགས་ཏེ་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དམངས་སྲིད་པུའི་པུའུ་ཀྲང་གཞོན་པ་ཀྲན་ཁྲེང་ཕུའུ་ལ་དྲི་བ་འདོན་བཞིན་པ།