འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་15ཉིན།

༄༅༎ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་གྲུབ་འབྲས་འགྲེམས་སྟོན་ཚེས་22ཉིན་བྱེད་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་15ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     《དཔལ་འབྱོར་ཉིན་རེའི་ཚཌ་པར》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་གྲུབ་འབྲས་འགྲེམས་སྟོན་མི་རིགས་རིག་གནས་ཕོ་བྲང(པེ་ཅིང)དུ་བྱེད་རྒྱུ་ཡིན་ཞིང་། འགྲེམས་སྟོན་དེ་2019ལོའི་ཟླ་11ཚེས་22ཉིན་ནས་ཟླ་11ཚེས་28ཉིན་བར་བྱེད་རྒྱུ་རེད་ལ། འགྲེམས་སྟོན་གྱི་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་2760ཟིན་པ་དང་། འགྲེམས་སྟོན་གྱི་ནང་དོན་ཕུན་སུམ་ཚོགས་ལ་ས་གནས་ཀྱི་ཁྱད་ཆོས་ལྡན་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གྲུབ་འབྲས་འགྲེམས་སྟོན་ཐོག་རིག་རྩལ་འཁྲབ་སྟོན་དང་། མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན། ཁྱད་ལྡན་ལེགས་ཆའི་ཐོན་ལས་དང་ཐོན་ཁུངས་འོས་སྦྱོར་སོགས་ཀྱི་རྣམ་པ་བརྒྱུད་ནས། མཛེས་ཞིང་ལྟ་ན་སྡུག་པའི་གཙོས་གྲོང་ཁྱེར་དང་། འཛམ་གླིང་བོད་རིག་པའི་ལྡིངས་ཁང་བསང་ཆུ་རྫོང་། བོད་རིགས་ས་ཁུལ་གྱི་སྔོ་ལྗང་མཛེས་ལྗོངས་ཁུལ་འབྲུག་ཆུ་རྫོང་། གསར་བརྗེའི་གནས་མཆོག་ཐེ་བོ་རྫོང། བཙན་པོའི་ཕ་ཡུལ་ཅོ་ནེ་རྫོང་། “ཀྲུང་གོའི་ཐག་འཐེན་འགྲན་བསྡུར་གྱི་ཕ་ཡུལ”བཱ་ཙེ་རྫོང་། “ཀྲུང་གོའི་སྒོར་གཞས་ཀྱི་ཕ་ཡུལ”ཀླུ་ཆུ་རྫོང་། “ཀྲུང་གོའི་རྟ་རྒྱུག་གི་ཕ་ཡུལ”རྨ་ཆུ་རྫོང་བཅས་རྫོང་བདུན་དང་གྲོང་ཁྱེར་གཅིག་གི་མངོན་མིན་རིག་གནས་ཤུལ་བཞག་ཁྱོན་766ཙམ་འགྲེམས་སྟོན་བྱེད་རྒྱུ་རེད།