འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་15ཉིན།

༄༅།།ཨོ་མན་ལས་རིགས་ཁག་གི་མི་སྣས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་རྒྱབ་སྐྱོར་ཧུར་ཐག་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་15ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། དབྱང་ཡོན་ཡུང་།
ཨོ་མན་རྒྱལ་ཁབ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་སོགས་ལས་རིགས་ཁག་གི་མི་སྣས་ཀྲུང་གོ་དང་ཨོ་མན་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་རྒྱབ་སྐྱོར་ཧུར་ཐག་བྱས་པ་དང་། “རྒྱུད་གཅིག་ལམ་གཅིག”གིས་ཨོ་ཀྲུང་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་ཕན་པ་ཡོད་པའི་ངོས་འཛིན་བྱས་པ་རེད།
    ཚེས་12ཉིན། ཨོ་མན་རྒྱལ་ཁབ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཧ་ཐེ་མུའུ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཨོ་ཀྲུང་དབར་སྲོལ་རྒྱུན་གྱི་མཛའ་གྲོགས་འབྲེལ་བ་ཡོད་ཅིང་། རྒྱལ་ཁབ་གཉིས་པོས་ཕན་ཚུན་གྱི་ལམ་ལུགས་དང་གོམས་གཤིས་ལ་བརྩི་འཇོག་བྱེད་པ་དང་། ཕན་ཚུན་དབར་ནང་སྲིད་ལ་ཐེ་ཇུས་མི་བྱེད་པ། རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་ལྟ་བ་གཅིག་མཚུངས་འཛིན་པ། ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱེད་པ་བཅས་བྱས་པས་དཔལ་འབྱོར་ཚོང་དོན་དང་རིག་གནས་སྤེལ་རེས་སོགས་ཀྱི་ཁྱབ་ཁོངས་ཐད་ཕྱོགས་གཉིས་པོའི་དབར་མཉམ་ལས་ཡག་པོ་བྱུང་ཡོད། མཐོ་རིམ་མི་སྣའི་དབར་ཕན་ཚུན་འཚམས་འདྲི་བྱས་པ་བརྒྱུད། རྒྱལ་ཁབ་གཉིས་པོའི་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་འགྲོ་རྒྱུ་དང་། རྒྱལ་ཁབ་གཉིས་པོའི་དབར་གྱི་མཉམ་ལས་སྔར་བས་ཟབ་ཏུ་འགྲོ་རྒྱུ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཐད་རྒྱལ་ཁབ་གཉིས་པོར་མདུན་ལམ་ཧ་ཅང་ཡངས་པོ་ཡོང་རྒྱུ་བཅས་ཡིན་པའི་ཡིད་ཆེས་ཡོད་ཅེས་བརྗོད།
     ཨོ་མན་གྱི་སུའུ་ཏན་གཱ་པུའུ་སི་སློབ་ཆེན་གྱི་ལོ་རྒྱུས་རིག་པའི་དགེ་རྒན་ཆེ་མོ་བ་མུའུ་ཧན་མུའུ་ཏེ་ཡིས། ཨོ་མན་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་དང་ཧུར་ཐག་ངང་ཞུགས་པ་ནི་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང(ཨེ་ཤེ་ཡ་མ་འཇོག་དངུལ་ཁང)འཛུགས་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། གསར་གཏོད་ཁོངས་མིའི་རྒྱལ་ཁབ་ཀྱི་ཐོབ་ཐང་ཐོག་ནས་ཨེ་ཤེ་ཡ་མ་འཇོག་དངུལ་ཁང་ནང་ཞུགས་རྒྱུའི་རྣམ་འགྱུར་གསལ་སྟོན་བྱས་པའི་རྒྱལ་ཁབ་ཁག་ཐེངས་དང་པོ་ཡིན་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ལྷག་པར་དུ་ཀྲུང་གོའི་ཐོན་ནུས་དང་མ་འཇོག་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་ཐད་ཨོ་མན་ལ་འཕེལ་རིམ་མངོན་གསལ་དོད་པོ་ཐོན་ཡོད་ཅེས་བརྗོད།
    ཨོ་མན་གྱི་རྩོམ་པ་པོ་པུན·ལཱ་ཤི་ཏེ·མུའུ་ཐ་ཉི་ཡིས། ཨོ་ཀྲུང་རྒྱལ་ཁབ་གཉིས་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་པ་དེས་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་རྒྱ་ཆེར་གཏོང་ཆེད་སྒུལ་ཤུགས་མཁོ་འདོན་བྱས་པའི་ངོས་འཛིན་བྱས་ཤིང་། ཁོང་གིས་2018ལོར་ཨོ་ཀྲུང་ཕྱོགས་གཉིས་པོའི་ཚོང་དོན་བསྡོམས་འབོར་ཨ་སྒོར་དུང་ཕྱུར་217ཟིན་པ་དེ་དུས་མཚུངས་ལས་40%འཕར་བ་དང་། “ཨོ་མན་དང་ཀྲུང་གོ་མཉམ་ལས་བྱས་པ་དེས་ཨོ་མན་གྱི་དཔལ་འབྱོར་འཕེལ་རྒྱས་ལ་དངོས་དངོས་རྗེན་རྗེན་གྱི་རྒྱབ་སྐྱོར་བྱས་ཡོད”ཅེས་བརྗོད།