འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་15ཉིན།

༄༅།།ཀྲུང་གོའི་སྦྲུམ་མའི་བདེ་ཐང་སྲིད་ཇུས་ལས་ཨ་ཧྥེ་རི་ཁར་ཉམས་མྱོང་གལ་ཆེན་མཁོ་འདོན་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་15ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ནེ་རོ་པི་ནས་ཟླ་11ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར“སྦྲུམ་མ་དང་། ཕྲུ་གུ་དམར་འབྱར། བྱིས་པ་བཅས་ཀྱི་བདེ་ཐང་རོགས་ཟླའི་འབྲེལ་བའི”ཀྲུའུ་ཞི་ཧའེ་ལུན·ཁེ་ལ་ཁེ་ཡིས་ནེ་རོ་པིར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། འཆར་ལྡན་བུ་བཙའ་དང་བུད་མེད་ཀྱི་དཔལ་འབྱོར་དབང་ཆ་ཆེ་རུ་གཏོང་བའི་ཐད་ཐོབ་པའི་ཀྲུང་གོའི་གྲུབ་འབྲས་ལས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་བློ་སྒོ་འབྱེད་ཡོད། ཀྲུང་གོས་སྒྱུར་བཅོས་སྒོ་དབྱེའི་སྲིད་ཇུས་ལག་བསྟར་བྱས་ཚུན། སྤྱི་ཚོགས་དང་དཔལ་འབྱོར་ཐད་ཐོབ་པའི་གྲུབ་འབྲས་ནི་སྔར་བྱུང་མི་མྱོང་བ་ཞིག་དང་འཕྲོད་བསྟེན་དང་སློབ་གསོའི་ཁྱབ་ཁོངས་ལ་མ་དངུལ་འབོར་ཆེན་བཏང་ཡོད། དེང་རབས་ཀྱི་སྐྱེ་འགོག་བྱེད་ཐབས་དང་། ལས་ཞུགས་གོ་སྐབས། སློབ་གསོ་ཁྱབ་གདལ་བཅས་ལས་བུད་མེད་ཀྱི་བདེ་ཐང་ལ་སྲུང་སྐྱོང་ཐོབ་ཡོད་ཅེས་བརྗོད། ཁོང་གིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་ཀྲུང་གོའི་སྒྱུར་བཅོས་ཉམས་མྱོང་ལ་དཔེ་བལྟས་ནས་དམིགས་ས་ཡོད་པའི་སྒོ་ནས་བུད་མེད་ཀྱི་སྐྱེ་མགོའི་བདེ་ཐང་ལ་སྐུལ་འདེད་གཏོང་བའི་རྣམ་གྲངས་ལ་མ་དངུལ་གཏོང་དགོས་ཞེས་བརྗོད།
     ཁེ་རོའི་རྒྱལ་སྤྱིའི་མི་འབོར་དང་འཕེལ་རྒྱས་ཚོགས་འདུ་འཚོགས་ནས་ལོ་25འཁོར་བའི་དྲན་གསོའི་དབུ་ཚོགས་ཟླ་11ཚེས་12ནས་14ཉིན་བར་ཁེན་ནི་ཡའི་རྒྱལ་ས་ནེ་རོ་པིར་འཚོགས་ཤིང་། ཁེ་ལ་ཁེས་ཚོགས་འདུར་ཞུགས་མཁན་རྒྱལ་ཁབ་ཁག་གི་འཐུས་མིས་སྐྱེ་མགོའི་བདེ་ཐང་ཞབས་ཞུའི་ཐད་མ་དངུལ་གཏོང་རྒྱུའི་ཁས་ལེན་བསྐྱར་བསྒྲགས་བྱེད་དགོས་པ་དང་ལྷག་པར་དུ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་མང་པོར་ཡོངས་ཁྱབ་ངང་ཁྱབ་པའི་སྦྲུམ་མ་ཤི་བའི་སྣང་ཚུལ་ཉུང་དུ་ཧུར་ཐག་གཏོང་དགོས་པའི་རེ་འབོད་བྱས་པ་རེད།
    “བུད་མེད་ཀྱི་མཚན་མའི་བདེ་ཐང་དང་སྐྱེ་མགོའི་བདེ་ཐང་གི་དབང་ཆར་དོ་ཁུར་བྱ་རྒྱུ་དེ་ནི་ཨ་ཧྥེ་རི་ཁའི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། འབྲེལ་ཡོད་སྲིད་གཞུང་དང་སྒྲིག་གཞིས་ངེས་པར་དུ་བྱེད་ཐབས་སྤྱད་ནས་ཨ་ཧྥེ་རི་ཁའི་བུད་མེད་ལ་སྐྱེ་འགོག་སྨན་དང་ཡོ་བྱད་མང་པོ་རག་པའི་གོ་སྐབས་རྒྱ་ཆེར་གཏོང་བ་དང་སྐྱེ་གཡོག་རྒྱུག་མཁན་མེད་པ་དང་བདེ་འཇགས་མེད་པའི་མངལ་བརླུག་སྟངས་ལས་སྦྲུམ་མ་འཆི་ཚད་ཉུང་དུ་གཏོང་དགོས་ཞེས”ཁེ་ལ་ཁེས་བརྗོད།