འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་15ཉིན།

༄༅།།འདི་ལོའི་ཟླ་དང་པོ་ནས་དགུ་པ་བར་རྒྱལ་ཡོངས་ཀྱི་དཀར་ཆུའི་ཐོན་རྫས་སོས་པ་ཐོན་ཚད་ལོ་
གོང་མའི་དུས་མཚུངས་ལས་5.2%འཕར་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་15ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་13ཉིན་གློག་འཕྲིན་འབྱོར་གསལ། འདི་ལོ་རང་རྒྱལ་གྱི་དཀར་ཆུའི་ལས་རིགས་འཕེལ་རྒྱས་ཀྱི་འགོ་ཡག་པོ་ཞིག་འཛུགས་ཐུབ་སྟེ། ཟླ་དང་པོ་ནས་དགུ་པ་བར་རྒྱལ་ཡོངས་ཀྱི་དཀར་ཆུའི་ཐོན་རྫས་སོས་པ་ཐོན་ཚད་ལོ་གོང་མའི་དུས་མཚུངས་ལས་5.2%འཕར་བ་དང་། བསྡོམས་རྩིས་སྡེ་ཚན་གྱི་གྲངས་གཞི་ལས་མངོན་པར་གཞིགས་ན། དུས་མཚུངས་ཀྱི་དཀར་ཆུའི་ལས་རིགས་ཀྱི་ཐོན་ཚད་8.8%འཕར་ནས་དཀར་ཆུའི་ལས་རིགས་ཕྱོགས་སྒྱུར་རིམ་སྤོར་མགྱོགས་པོ་བྱུང་ཡོད།
    ཞིང་ལས་གྲོང་གསེབ་པུའི་འབྲོག་ལས་ཕྱུགས་སྨན་ཅུས་ཀྱི་རིམ་པ་གཉིས་པའི་སྐོར་གཟིགས་པ་ཝང་ཅུན་ཤུན་གྱིས་ཞིང་ལས་གྲོང་གསེབ་པུས་ཚེས་13ཉིན་འཚོགས་པའི་ཡོངས་བསྒྲགས་ཚོགས་འདུར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《དཀར་ཆུའི་ལས་རིགས་དར་རྒྱས་ལ་སྐུལ་འདེད་བཏང་ནས་དཀར་ཆུའི་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་འགན་ལེན་བྱེད་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་ནས་ལོ་གཅིག་སོང་ཚུན། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ལག་རྩལ་གྱི་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་བས། དཀར་ཆུའི་ལས་རིགས་ཐོན་སྐྱེད་དང་དཀར་ཆུའི་ཐོན་རྫས་ཀྱི་འཛད་སྤྱོད་འཕེལ་རྒྱས་བརྟན་པོ་ཕྱིན་ཡོད་ཅེས་བརྗོད།
ཝང་ཅུན་ཤུན་གྱིས་ཞིང་ལས་གྲོང་གསེབ་པུས་ནོར་སྲིད་པུའུ་དང་མཉམ་དུ་བསམ་འཆར་བཀྲམ་ནས་བཞོན་མ་གསོ་ཚགས་བྱེད་མཁན་ཞིང་པའི་ཁྱིམ་ཚང་འབྲོག་ར་དང་མཉམ་ལས་ཁང་འཕེལ་རྒྱས་ལ་གཙོ་གནད་རྒྱབ་སྐྱོར་བྱས་ནས་བཞོན་མ་གསོ་ཚགས་བྱེད་མཁན་ཞིང་པར་དཀར་ཆུའི་ཐོན་རྫས་ལས་སྣོན་ཁྲིད་སྟོན་བྱས་ཡོད། ཧོ་ནན་དང་ཧྲན་ཏུང་སོགས་ཀྱིས་གཞི་ཁྱོན་ཆེ་བའི་གསོ་ཚགས་ར་བར་འོ་མ་སོས་པའི་བཏུང་བྱའི་ཚོང་ཁང་འཛུགས་པར་རྒྱབ་སྐྱོར་བྱས་པས། གསོ་ཚགས་ར་བ་ཁག་གཅིག་ལ་དཀར་ཆུའི་ཐོན་རྫས་ལས་སྣོན་གྱི་ཆོག་འཐུས་ལག་ཁྱེར་རག་ཡོད། དཀར་ཆུའི་ཐོན་རྫས་ཁེ་ལས་ཆེ་གྲས་ཁག་གཅིག་གིས་འབྲོག་རའམ་ཡང་ན་མ་རྐང་ལ་ཞུགས་པའི་ཉོ་སྒྲུབ་གསོ་ཚགས་ར་བ་འཛུགས་པ་སོགས་ཀྱི་རྣམ་པར་བརྟེན་ནས་རང་བདག་གི་དཀར་ཆུའི་ཐོན་ཁུངས་ཀྱི་བསྡུར་གྲངས་མཐོ་རུ་བཏང་ཡོད།     འབྲེལ་ཡོད་སྡེ་ཚན་གྱིས་དཀར་ཆུའི་ཐོན་རྫས་ཁེ་ལས་ལ་གན་རྒྱ་ཉོ་སྒྲུབ་ལག་བསྟར་ནན་པོ་བྱེད་པར་ལྟ་སྐུལ་གྱིས་དཀར་ཆུའི་ཐོན་རྫས་ཁེ་ལས་དང་དངུལ་རྩའི་སྒྲིག་གཞིའི་དབར་གྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས་བཞོན་མ་གསོ་ཚགས་བྱེད་མཁན་ཞིང་པར་དངུལ་སྨར་གྱི་ཁ་གསབ་དང་། སྐྱེད་ཀ་རྩ་ཆག་དང་སྐྱེད་ཀ་དམའ་བའི་དངུལ་བུན་བཏང་ཡོད་ཅེས་བརྗོད།