འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་14ཉིན།

༄༅༎ཕོ་བྲང་པོ་ཏ་ལའི“མེ་ཟོན་སྤྲོ་འཕེལ་ལུས་རྩལ་འགྲན་ཚོགས”

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་14ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎ཕོ་བྲང་པོ་ཏ་ལའི“མེ་ཟོན་སྤྲོ་འཕེལ་ལུས་རྩལ་འགྲན་ཚོགས”
     མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་13ཉིན་ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་དང་ལྷ་ས་གྲོང་ཁྱེར་ཕོ་བྲང་པོ་ཏ་ལའི་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་མེ་ཟོན་སྤྲོ་འཕེལ་ལུས་རྩལ་འགྲན་ཚོགས་སྤེལ་ནས། ཕོ་བྲང་པོ་ཏ་ལའི་དོ་དམ་མི་སྣར་མེ་འགོག་དང་མེ་གསོད་སོགས་ཀྱི་མེ་ཟོན་ཤེས་བྱ་ཁྱབ་གདལ་བཏང་ཞིང་། འཛམ་གླིང་རིག་གནས་ཤུལ་བཞག་གི“མེ་འགོག་གྱང་ར”བརྟན་དུ་བཏང་བ་རེད། ཕོ་བྲང་པོ་ཏ་ལ་ནི་གཞི་ཁྱོན་ཆེ་བའི་ཕོ་བྲང་རྣམ་པའི་རྩིག་བཟོས་ཚོགས་ཤིག་ཡིན་པ་དང་། ཁང་པའི་ཁ་གྲངས་ཁྲི་ལྷག་ཟིན་ཞིང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་13ལྷག་ཟིན་གྱི་ཡོད། 1994ལོར་ཕོ་བྲང་པོ་ཏ་ལ་ནི་འཛམ་གླིང་རིག་གནས་ཤུལ་བཞག་གི་གྲས་སུ་བཀོད་ཡོད།
【1】  【2】  【3】
༄༅༎ཕོ་བྲང་པོ་ཏ་ལའི“མེ་ཟོན་སྤྲོ་འཕེལ་ལུས་རྩལ་འགྲན་ཚོགས”