འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་14ཉིན།

༄༅།།ཡོན་མིང་ཡོན་ལ་ཟངས་ཀྱི་རྟ་མགོ་འབུལ་བའི་མཛད་སྒོ་པེ་ཅིང་དུ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་14ཉིན། 13:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཡོན་མིང་ཡོན་ལ་ཟངས་ཀྱི་རྟ་མགོ་འབུལ་བའི་མཛད་སྒོ་པེ་ཅིང་དུ་སྤེལ་བ།
     མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་13ཉིན། ཡོན་མིང་ཡོན་གྱི་ལོ་རྟགས་བཅུ་གཉིས་ཀྱི་ཟངས་བརྙན་གྱི་གྲས་ཤིག་སྟེ། ཟངས་ཀྱི་རྟ་མགོ་ལེགས་སྐྱེས་སུ་འབུལ་བའི་མཛད་སྒོ་པེ་ཅིང་དུ་སྤེལ་བ་རེད། 2007ལོར། ཟངས་ཀྱི་རྟ་མགོ་ཁྲོམ་རར་ཐོན་ནས་བཙོངས་པ་དང་། ཤང་ཀང་དང་ཨའོ་མོན་གྱི་ཁེ་ལས་པ་གྲགས་ཅན་དང་། རྒྱལ་གཅེས་མི་སྣ་ཧོ་ཧོང་ཧྲན་གྱིས་ཉོས་ནས། ཤང་ཀང་དང་ཨའོ་མོན་ས་ཁུལ་དུ་ཡོངས་བསྒྲགས་སུ་ལོ་མང་རིང་བཤམས་སྟོན་བྱས་པ་རེད། ཟླ་འདིར། སྐུ་ཞབས་ཧོ་ཧོང་ཧྲན་གྱི་ཟངས་ཀྱི་རྟ་མགོ་དེ་རྒྱལ་ཁབ་རིག་དངོས་ཅུས་ལ་ལེགས་སྐྱེས་སུ་འབུལ་བ་ཐག་བཅད། ཕྱིར་གྱར་རིག་དངོས་རང་ཡུལ་དུ་འདྲེན་པའི་རིག་དངོས་སྲུང་སྐྱོང་གི་རྒྱལ་སྤྱིའི་ཐུན་མོང་ངོས་འཛིན་ལག་བསྟར་སྔར་བས་ལེགས་པོ་བྱ་ཆེད། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་སྐུ་ཞབས་ཧོ་ཧོང་ཧྲན་དང་གྲོས་མོལ་གཅིག་མཐུན་བྱུང་བ་ལས། ཟངས་ཀྱི་རྟ་མགོ་ནི་པེ་ཅིང་གི་ཡོན་མིང་ཡོན་དོ་དམ་ཁང་ལ་ཉར་ཚགས་བྱེད་དུ་འཇུག་རྒྱུ་ཡིན་ཞིང་། ལོ་ངོ་བརྒྱ་ལྷག་གི་རྗེས་སུ་ཕྱིར་རང་གནས་སུ་ལོག་ཐུབ་པ་རེད། འདི་ནི་རིག་གནས་དང་ཡུལ་སྐོར་པུའུ་ཡི་པུའུ་ཀྲང་ལའོ་ཧྲུའུ་ཀང(གཡས)དང་སྐུ་ཞབས་ཧོ་ཧོང་ཧྲན་གྱི་སྐུ་ཚབ་ཧོ་ཁྲའོ་ཆུང་གཉིས་ཀྱིས་ཡོན་མིང་ཡོན་གྱི་ཟངས་ཀྱི་རྟ་མགོའི་ཡོལ་བ་འབྱེད་ཀྱིན་ཡོད། 
༄༅།།ཡོན་མིང་ཡོན་ལ་ཟངས་ཀྱི་རྟ་མགོ་འབུལ་བའི་མཛད་སྒོ་པེ་ཅིང་དུ་སྤེལ་བ།