འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་14ཉིན།

༄༅།།རང་རྒྱལ་གྱིས་ཚོང་སྤྱོད་རྒྱང་ཚོར་འཁོར་སྐར་གསར་པ་ཞིག་བཏང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་14ཉིན། 13:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རང་རྒྱལ་གྱིས་ཚོང་སྤྱོད་རྒྱང་ཚོར་འཁོར་སྐར་གསར་པ་ཞིག་བཏང་བ།
     མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་13ཉིན་གྱི་ཆུ་ཚོད་11དང་སྐར་མ་40ཐོག ཅི་ལིན་ཞིང་ཆེན་གྱིས་བཀོད་སྒྲིག་གཙོ་བོ་བྱས་ཤིང་། རང་རྒྱལ་གྱིས་རང་བརྟེན་ཞིབ་འཇུག་གསར་གཏོད་བྱས་པའི་ཚོང་སྤྱོད་རྒྱང་ཚོར་འཁོར་སྐར་གྱི་སྐར་ཚོམ་“ཅི་ལིན་ཨང་དང་པོ”ཡི་ཁོངས་གཏོགས་འཁོར་སྐར་ཨང་14གསར་ཐོན་བྱུང་། “ཅི་ལིན་ཨང་དང་པོ”ཡི་འབྱེད་ཚད་མཐོ་བའི་02Aའཁོར་སྐར་མཁའ་དབྱིངས་སུ་བཏང་བ་དང་། འཁོར་སྐར་བདེ་བླག་ངང་སྔོན་དཔག་བྱས་པའི་འཁོར་ལམ་དུ་བསྐྱོད་ཡོད། 
    “ཅི་ལིན་ཨང་དང་པོ”ཡི་འབྱེད་ཚད་མཐོ་བའི་02Aའཁོར་སྐར་ནི་ཁྲང་ཀོང་ལག་རྩལ་ཚད་ཡོད་ཀུང་སི་རང་ཉིད་ལ་བརྟེན་ནས་ཞིབ་འཇུག་གསར་གཏོད་བྱས་པའི་འོད་རིག་རྒྱང་ཚོར་འཁོར་སྐར་གསར་གྲས་ཤིག་རེད། འཁོར་སྐར་དེ་ཡིས་“ཅིན་ལིན་ཨང་དང་པོ”འཁོར་སྐར་གྱི་འཁོར་རྐྱང་གནད་སྨིན་དང་ལག་རྩལ་གྱི་རྨང་གཞི་རྒྱུན་འཛིན་བྱས་ཡོད་ཅིང་། འབྱེད་ཚད་མཐོ་ཞིང་། ཞེང་ཆེ་བ་དང་། ངེས་གནས་ཀྱི་ཞིབ་ཚད་མཐོ་བ། གྲངས་ཀ་བརྒྱུད་སྤེལ་མྱུར་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད། 
༄༅།།རང་རྒྱལ་གྱིས་ཚོང་སྤྱོད་རྒྱང་ཚོར་འཁོར་སྐར་གསར་པ་ཞིག་བཏང་བ།
༄༅།།རང་རྒྱལ་གྱིས་ཚོང་སྤྱོད་རྒྱང་ཚོར་འཁོར་སྐར་གསར་པ་ཞིག་བཏང་བ།