འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་14ཉིན།

༄༅༎མཚོ་སྔོན་པད་མ་རྫོང་གི་སྲོལ་རྒྱུན་རྫ་བཟོའི་ལག་རྩལ་ལས་གྲོང་མིའི་ཡོང་འབབ་འཕར་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་14ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་པད་མ་རྫོང་གི་རྫ་མཁན་པད་མ་ནོར་བུས་རྫ་ཆས་གྲིབ་སྐམ་གཏོང་བ།
འདི་ནི་པད་མ་རྫོང་གི་རྫ་མཁན་པད་མ་ནོར་བུས་རྫ་ཆས་གྲིབ་སྐམ་གཏོང་བ།
     བོད་རིགས་ཀྱི་སྲོལ་རྒྱུན་རྗ་ནག་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་པད་མ་རྫོང་གི་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་རེད། ཉེ་བའི་ལོ་ཤས་རིང་། པད་མ་རྫོང་དུ་བོད་རིགས་རྫ་ནག་རྒྱུན་འཛིན་པ་ཕུལ་བྱུང་འབོར་ཆེན་ཐོན་པ་དང་། ཁོང་ཚོས་བོད་རིགས་ཀྱི་སྲོལ་རྒྱུན་གྱི་རྫ་ནག་བཟོ་བའི་ལག་རྩལ་རྒྱུན་འཛིན་སྲུང་སྐྱོབ་དང་ཆབས་ཅིག སྔོན་མ་རང་ཁྱིམ་དུ་རང་བཟོ་རང་ཚོང་གི་ཚོང་གཉེར་བྱེད་ཐབས་ལ་འགྱུར་བ་བཏང་ནས་ཀུང་སི་བཙུགས་པ་མ་ཟད། ཡུལ་མི་ཚོར་རྫ་བཟོའི་ལག་རྩལ་བསླབས་ནས་ཡོང་འབབ་འཕར་བར་སྣེ་ཁྲིད་བྱས་ཤིང་། 
འདི་ནི་པད་མ་རྫོང་གི་རྫ་མཁན་ནོར་བུ་མཚོས་རྫ་ནག་བཟོ་བཞིན་པ།
འདི་ནི་པད་མ་རྫོང་གི་རྫ་མཁན་ནོར་བུ་མཚོས་རྫ་ནག་བཟོ་བཞིན་པ།