འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་13ཉིན།

༄༅།།ཁྲུང་ཁྲུང་སྐེ་ནག་ལྷོ་ལ་འཕུར་ཚད་སླེབས། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་13ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཁྲུང་ཁྲུང་སྐེ་ནག་ལྷོ་ལ་འཕུར་ཚད་སླེབས།
     མི་དམངས་དྲ་བའི་འཕྲིན། ཟླ་10པའི་ཟླ་མཇུག་ནས་བཟུང་། ཁྲུང་ཁྲུང་སྐེ་ནག་ལྷོ་ཕྱོགས་སུ་འཕུར་ནས་དགུན་ཁ་རོལ་འགོ་བརྩམས་བྱུང་། ཟླ་11ཚེས་7ཉིན། མཛོད་དགེའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་དགུན་ཁར་དུས་བྱ་འཕུར་བར་སྲུང་སྐྱོང་བྱ་བའི་ལས་དོན་ཚོགས་འདུའི་ཐོག་ནས། ད་ལོར་ནུས་ཤུགས་ཡོད་རྒུས་ཁྲུང་ཁྲུང་སྐེ་ནག་2000ལྷག་བདེ་འཇགས་ངང་“སྐྱེལ་སྲུང་”བྱ་རྒྱུ་ཡིན་པ་བསྟན། 
    ཁྲུང་ཁྲུང་སྐེ་ནག་ནི་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་བྱ་རིགས་ཤིག་ཡིན་པ་དང་། ལོ་རེའི་ཟླ་3ནས་ཟླ་10བར། སི་ཁྲོན་ནུབ་བྱང་ཕྱོགས་ཀྱི་མཛོད་དགེ་རྫོང་ནི་ཁྲུང་ཁྲུང་སྐེ་ནག་གི་འདུ་གནས་གལ་ཆེན་ཡིན་ཞིང་། དགུན་ཁ་སླེབས་པ་ནས་བཟུང་། དེ་ཚོ་སྲོལ་རྒྱུན་གྱི་དགུན་ཟླ་རོལ་ས་སྟེ་ཡུན་ནན་ཧྲའོ་ཐུང་གྲོང་ཁྱེར་ཏཱ་ཧྲང་པའོ་འམ་ཀེའུ་ཀྲོའུ་ཝེ་ཉིང་རྫོང་ཚའོ་ཧའེ་རྫོང་ལ་འཕུར་འགོ་བརྩམས་ཡོད། ལོ་མང་རིང་ལྟ་ཞིབ་ཚོད་ལྟ་བྱས་པ་ལས་མངོན་གསལ། ཁྲུང་ཁྲུང་སྐེ་ནག་ལྷོ་ཕྱོགས་སུ་བསྐྱོད་པའི་ལམ་ཐག་ནི་སྤྱི་ལེ་800ཙམ་ཟིན་ཞིང་། དུས་ཡུན་ཉིན་6ནས་20བར་ཟིན། 
     པར་རིས་འདི་ནི་ཟླ་11ཚེས་6ཉིན། མཛོད་དགེ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ། ཁྲུང་ཁྲུང་སྐེ་ནག་གིས་ཟས་འཚོལ་བཞིན་པ།