མི་དམངས་དྲ་བ།

༄༅༎《ཞི་ཅིན་ཕིང་གིས་མཉེས་པོ་གནང་བའི་གཏམ་རྒྱུད》ཀེ་རི་སེའི་སྐད་ཀྱི་པར་གཞི་ཀེ་རི་སེའི་དྲ་ཐོག་ཏུ་བཏོན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་13ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨ་ཐེན་སི་ནས་ཟླ་11ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་པར་བླངས་ནས་བཟོས་པའི་ཆེད་དོན་པར་གཞི《ཞི་ཅིན་ཕིང་གིས་མཉེས་པོ་གནང་བའི་གཏམ་རྒྱུད》ཀེ་རི་སེའི་སྐད་ཀྱི་པར་གཞི་ཚེས་10ཉིན་ཀེ་རི་སེར་ཤུགས་རྐྱེན་ཐེབས་ཤུགས་ཆེ་ཤོས་ལྡན་པའི་ཚོང་ལས་སྨྱན་སྦྱོར་ཚོགས་པ་མཁའ་དབྱིངས་སྨྱན་སྦྱོར་ཚོགས་པའི་ཁོངས་གཏོགས་ཀྱི་མཁའ་དབྱིངས་བརྙན་འཕྲིན་ཁང་གི་དྲ་ཐོག་ཏུ་བཏོན་པ་རེད། ཚད་ལྡན་ཡིག་ཆའི་ཆེད་དོན་པར་གཞི་ཆེ་གྲས《ང་ཚོ་ལམ་ཆེན་དུ་སྐྱོད་བཞིན་ཡོད》ཅེས་པའི་ཀེ་རི་སེའི་སྐད་ཀྱི་པར་གཞིའང་ཉིན་དེའི་ཨ་ཐེན་སི-མ་ཆི་ཏུན་གསར་འགྱུར་ཁང་གི་དྲ་ཚིགས་དང་སྨྱན་སྦྱོར་གསར་པའི་ལས་སྟེགས་དྲ་ཐོག་ཏུ་བཏོན་པ་རེད།
     《ཞི་ཅིན་ཕིང་གིས་མཉེས་པོ་གནང་བའི་གཏམ་རྒྱུད》ནང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་དང་། རྩོམ་ཡིག གླེང་མོལ་བཅས་ཀྱི་ནང་གསུངས་མྱོང་བའི་ཀྲུང་གོའི་གནའ་རབས་གསུང་རབ་ཁྲོད་ཀྱི་ལེགས་བཤད་དང་། གསུང་ཚིག་གྲགས་ཅན། ལོ་རྒྱུས་གཏམ་རྒྱུད་བཅས་བདམས་ནས“དམངས་ཆེད”དང་།  “སྤྱོད་བཟང”“བློ་སྦྱོང” “ཁྱིམ་སྲོལ” “སྲི་ཞུ” “སྲིད་གཙང”སོགས་བརྗོད་དོན་གཙོ་བོ་མི་འདྲ་བར་དམིགས་ཏེ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ལ་གོ་བ་གཏིང་ཟབ་དང་དེའི་ཁྲོད་ཀྱི་རྒྱལ་སྲིད་སྐྱོང་ལུགས་ཀྱི་བློ་གྲོས་ལྡན་པའི་འདུ་ཤེས་བསྡུ་ལེན་གནང་བ་གསོན་ཉམས་དོད་པོས་མཚོན་ཡོད་པ་རེད།
     ཆེད་དོན་བརྩམས་ཆོས་དེ་དེ་གོང་དབྱིན་སྐད་དང་། རི་པིན་གྱི་སྐད། ཧན་གོའི་སྐད། སི་ཕེན་གྱི་སྐད། དབྱི་ཐ་ལིའི་སྐད་སོགས་སྐད་རིགས་མང་པོར་བསྒྱུར་ནས་གོ་ལ་ཧྲིལ་པོར་བཀྲམ་པར་དོ་ཁུར་རྒྱ་ཁྱབ་དང་གདེང་འཇོག་ཆེན་པོ་ཐོབ་པ་རེད།
     དེའི་རིང་མི་སྣ་ཞིག་གིས《ཞི་ཅིན་ཕིང་གིས་མཉེས་པོ་གནང་བའི་གཏམ་རྒྱུད》ཀེ་རི་སེའི་སྐད་ཀྱི་པར་གཞི་དྲ་ཐོག་ཏུ་བཏོན་པ་དེས་ཀེ་རི་སེའི་དམངས་ཚོགས་ཀྱིས་ཀྲུང་གོས་རྒྱལ་ཁབ་ཁག“རྒྱུད་གཅིག་ལམ་གཅིག”གི་གྲོགས་ཚོགས་ནང་ཞུགས་རྒྱུར་སྐུལ་འདེད་བཏང་བ་དང་གཉིས་ཁེ་གཉིས་ཕན་གྱི་མཉམ་ལམ་རོགས་ཟླའི་དྲ་རྒྱ་བསྐྲུན་པའི་ཐོག་མའི་བསམ་འདུན་ཤེས་རྟོགས་ཐུབ་པ་བྱ་རྒྱུ་རེད་ཅེས་བརྗོད། མཁའ་དབྱིངས་སྨྱན་སྦྱོར་ཚོགས་པའི་བརྙན་འཕྲིན་གསར་འགྱུར་གཙོ་འགན་བ་དབྱང་ཉི་སི·ཨ་ཏ་མི་ཅི་སི་ཡིས“ཀེ་རི་སེ་བ་ཡིས་གནའ་བོའི་ཀེ་རི་སེའི་མཚན་ཉིད་རིག་པ་མཁས་ཅན་ཚོའི་སྐད་ཆ་དྲངས་ཤེས་པ་དང་། མཁའ་དབྱིངས་སྨྱན་སྦྱོར་ཚོགས་པས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀེ་རི་སེར་འཚམས་འདྲི་གནང་སྐབས་བརྩམས་ཆོས་འདི་དྲ་ཐོག་ཏུ་བཏོན་པའི་དམིགས་ཡུལ་ནི་ཀེ་རི་སེའི་ལྟད་མོ་བར་ཀྲུང་གོ་ངོ་མ་ཞིག་མངོན་པར་བྱས་པ་ཞིག་རེད”ཅེས་བརྗོད།

  
style="display:none;"