འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་13ཉིན།

༄༅༎ལན་ཆིའུ་སྤོ་ལོའི་མཛའ་གྲོགས་འགྲན་བསྡུར།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་13ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་བོད་ཀྱི་འཁོར་སྒྲོམ་ལན་ཆིའུ་སྤོ་ལོའི་རུ་ཁག་གི་རུ་མི་པ་སངས་སྒྲོལ་མས(དཀྱིལ)འགྲན་བསྡུར་ནང་སྤོ་ལོ་བླུག་བཞིན་པ།
འདི་ནི་བོད་ཀྱི་འཁོར་སྒྲོམ་ལན་ཆིའུ་སྤོ་ལོའི་རུ་ཁག་གི་རུ་མི་པ་སངས་སྒྲོལ་མས(དཀྱིལ)འགྲན་བསྡུར་ནང་སྤོ་ལོ་བླུག་བཞིན་པ།
     ཟླ་11ཚེས་10ཉིན། ལྷ་སར་བོད་ཀྱི་འཁོར་སྒྲོམ་ལན་ཆིའུ་སྤོ་ལོའི་རུ་ཁག་དང་མཚོ་སྔོན་ཞིང་ཆེན་གཙང་གསུམ་ཆུ་འགོའི་འཁོར་སྒྲོམ་ལན་ཆིའུ་སྤོ་ལོའི་རུ་ཁག་དབར་མཛའ་གྲོགས་འགྲན་བསྡུར་བྱས་པ་རེད། རུ་ཁག་བཙུགས་ནས་ཟླ་གཉིས་ལས་མ་སོང་བའི་མཚོ་སྔོན་ཞིང་ཆེན་གཙང་གསུམ་ཆུ་འགོའི་འཁོར་སྒྲོམ་ལན་ཆིའུ་སྤོ་ལོའི་རུ་ཁག་བསྡུར་གྲངས་6བསྡུར་20ཡི་ཐོག་ནས་བོད་ཀྱི་འཁོར་སྒྲོམ་ལན་ཆིའུ་སྤོ་ལོའི་རུ་ཁག་ལས་ཕམ་པ་རེད། འགྲན་བསྡུར་དེ་ནི་བོད་ཀྱི་འཁོར་སྒྲོམ་ལན་ཆིའུ་སྤོ་ལོའི་རུ་ཁག་བཙུགས་ནས་ལོ་ལྔ་སོང་ཚུན་ལྗོངས་ཕྱིའི་འཁོར་སྒྲོམ་ལན་ཆིའུ་སྤོ་ལོའི་རུ་ཁག་དང་འགྲན་བསྡུར་བྱེད་ཐེངས་དང་པོ་ཡིན་པ་རེད།