འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་13ཉིན།

༄༅།།“2019ཀྲུང་གོ་དང་ཨ་རིའི་གློག་བརྙན་དང་བརྙན་འཕྲིན་འཁྲབ་ཚན་གྱི་གསར་གཏོད་དབུ་ཚོགས”ལོ་སི་
ཨན་གྷེ་སེར་འཚོགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་13ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལོ་སི་ཨན་གྷེ་སེ་ནས་ཟླ་11ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་10ཉིན། “2019ཀྲུང་གོ་དང་ཨ་རིའི་གློག་བརྙན་དང་བརྙན་འཕྲིན་འཁྲབ་ཚན་གྱི་གསར་གཏོད་དབུ་ཚོགས”ལོ་སི་ཨན་གྷེ་སེར་འཚོགས་པའི་དམིགས་ཡུལ་ནི་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་གློག་བརྙན་དང་བརྙན་འཕྲིན་འཁྲབ་ཚན་་ལས་རིགས་ཀྱི་སྤེལ་རེས་ལ་སྐུལ་འདེད་གཏོང་བ་དང་ལྷག་དོན་དུ་སྨྱན་སྦྱོར་གསར་པས་གློག་བརྙན་དང་བརྙན་འཕྲིན་འཁྲབ་ཚན་གྱི་ནང་དོན་བརྒྱུད་བསྒྲགས་དང་བཟོ་བ་སོགས་ཀྱི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་རེད།