འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་13ཉིན།

༄༅།།ཀྲེ་ཅང་གིས་ཉམ་ཐག་བྱིས་པར་འགན་སྲུང་བྱ་རྒྱུ་སོགས་སྲིད་གཞུང་གི་ཉོ་སྒྲུབ་ཞབས་ཞུའི་
དཀར་ཆག་ནང་འཇུག་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་13ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཧང་ཀྲོའུ་ནས་ཟླ་11ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཀྲེ་ཅང་ཞིང་ཆེན་ནོར་སྲིད་ཐིང་གིས་ཉེ་ཆར《ཀྲེ་ཅང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཚོགས་སྟོབས་ཤུཌ་ནས་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་མཛུབ་ཁྲིད་རང་བཞིན་གྱི་དཀར་ཆག(2020ལོའི་ལོ་འཁོར)》བཀྲམ་སྟེ་ཉམ་ཐག་བྱིས་པར་འགན་སྲུང་བྱ་རྒྱུ་སོགས་སྲིད་གཞུང་གི་ཉོ་སྒྲུབ་ཞབས་ཞུའི་དཀར་ཆག་ནང་འཇུག་རྒྱུ་རེད།
    “ཉམ་ཐག་བྱིས་པར་འགན་སྲུང་དང་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པར་གཅེས་སྐྱོང་དང་། སྲུང་སྐྱོང་། ཞབས་ཞུ་བཅས་བྱ་རྒྱུ”ནི་གསར་དུ་ཁ་སྣོན་བྱས་པའི་རྣམ་གྲངས་ཀྱི་གྲས་ཤིག་ཡིན་ཞིང་། ཀྲེ་ཅང་གིས་ད་ཐེངས་བཀྲམ་པའི་དཀར་ཆག་གི“ཉམ་ཐག་བྱིས་པར་འགན་སྲུང་དང་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པར་གཅེས་སྐྱོང་དང་། སྲུང་སྐྱོང་། ཞབས་ཞུ་བཅས་བྱ་རྒྱུའི”ནང་ཐད་གཏོང་ཁ་པར་གྱི་འཁོར་སྐྱོད་དང་། ལྟ་སྐྱོང་དཔྱད་དཔོག གནད་སྨིན་རོགས་སྐྱོར། སྲིད་ཇུས་དྲིལ་བསྒྲགས། ལས་སྒོ་གསོ་སྦྱོང་། ཁྱིམ་ཚང་ལ་འདྲི་རྩད་སོགས་གཅེས་སྐྱོང་ཞབས་ཞུའི་ནང་དོན་ཚུད་པའི་གཏན་འབེབས་བྱས་ཡོད།
     ཀྲེ་ཅང་ཞིང་ཆེན་ནོར་སྲིད་ཐིང་གིས་བསྟན་དོན། ས་ཁུལ་ཁག་གིས་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པར་གཅེས་སྐྱོང་སྲུང་སྐྱོང་དང་ཉམ་ཐག་བྱིས་པར་འགན་སྲུང་བྱ་རྒྱུ་དེ་སྲིད་གཞུང་གི་ཞབས་ཞུ་ཉོ་སྒྲུབ་ཀྱི་མཛུབ་ཁྲིད་རང་བཞིན་གྱི་དཀར་ཆག་ལ་འཇུག་རྒྱུ་དང་། སྲིད་གཞུང་གིས་ཉོ་སྒྲུབ་བྱེད་པའི་སེམས་ཁམས་ཞབས་ཞུའི་རིགས་ཀྱི་སྤྱི་ཚོགས་སྒྲིག་འཛུགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཞབས་ཞུ་ཉོ་སྒྲུབ་དང་ལེན་བྱེད་པའི་སྤྱི་ཚོགས་རྩ་འཛུགས་སྔོན་ལ་གདན་དྲངས་ཏེ་གྲོང་ཚོའི(གྲོང་ལྷན)བྱིས་པའི་ཀྲུའུ་རེན་ལ་གོང་གསལ་གྱི་ལས་དོན་སྤེལ་རོགས་བྱ་རྒྱུར་ཁྲིད་སྟོན་བྱ་རྒྱུ་བཅས་རེད།