འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་12ཉིན།

༄༅།།ད་ལོའི་ཟླ་1ནས་ཟླ་9པ་བར་རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་དབང་མིན་པའི་དཔལ་འབྱོར་འཕེལ་རྒྱས་ལ་
ཤུགས་རྐྱེན་བཟོ་བའི་གྱོད་གཞིའི་མི་14203ཞུ་གཏུགས་བརྒྱབ་པས་དུས་མཚུངས་
ལས་39.7%འཕར་ཡོད།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་12ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་11ཉིན། གསར་འགོད་པས་ཚེས་11ཉིན་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱུང་གསལ། 2019ལོའི་ཟླ་1ནས་ཟླ་9པའི་བར། རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྱོན་སྤྱི་དབང་མིན་པའི་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་རྐྱེན་བཟོ་བའི་གྱོད་གཞིའི་མི་10377འཛིན་བཟུང་བྱ་རྒྱུའི་ཆོག་མཆན་སྤྲད་པས་དུས་མཚུངས་ལས་1.3%འཕར་ཡོད་པ་སྟེ།  སྤྱི་དབང་མིན་པའི་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་རྐྱེན་བཟོ་བའི་གྱོད་གཞིའི་མི་14203ལ་ཞུ་གཏུགས་བརྒྱབ་པ་དེ་དུས་མཚུངས་ལས་39.7%འཕར་ཡོད།
     ཆེས་མཐོའི་མི་དམངས་ཞིབ་གཅོད་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། ད་ལོ་ཚུན་དུ། རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་དཔྱོད་འགན་ནུས་ལག་བསྟར་བྱས་པ་དང་། ཁྲིམས་ལྟར་གྱོད་དོན་ནན་པོ་བསྒྲུབས་ནས་།  འདྲ་མཉམ་ངང་དམངས་གཉེར་ཁེ་ལས་ཀྱི་ཁྲིམས་མཐུན་དབང་ཆར་སྲུང་སྐྱོང་བྱས་ཡོད། ནག་ཚོགས་དང་འབྲེལ་བའི་གྱོད་དོན་སྒྲུབ་སྐབས། ཞིབ་དཔྱོད་ལས་ཁུངས་ཀྱིས་ཁེ་ལས་ཀྱི་ཁྲིམས་མཐུན་གཉེར་སྐྱོང་དང་ཁེ་ལས་ཀྱི་གཉེར་སྐྱོང་ལ་ཁ་གཡར་ནས་ཉེས་གསོག་སྒྲིག་འཛུགས་བྱས་པ་གཉིས་དབྱེ་བ་ནན་པོ་ཕྱེ་བ་དང་། ནག་སེལ་ངན་འཇོམས་ཀྱི་ཆེད་དོན་འཐབ་རྩོད་སྤེལ་བའི་རྒྱབ་ལྗོངས་ཆེན་པོའི་འོག  ས་གནས་ཁག་གིས་དམངས་གཉེར་ཁེ་ལས་ལ་སྲུང་སྐྱོང་བྱེད་པ་"ལྷགས་པ་རྒྱག་ཐེངས་གཅིག་ལ་ཚང་མ་འཁྱེར་རྒྱུ་"སྔོན་འགོག་མཐའ་གཅིག་ཏུ་བྱ་དགོས། 
    ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་1ནས་ཟླ་9པ་བར། ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་འགལ་ངང་སྐྱེད་ལྕིའི་བུ་ལོན་གཏོང་མཁན་མི་16422ཞུག་གཏུགས་བྱས་པ་དེ་དུས་མཚུངས་ལས་344.1%འཕར་བ་དང་།  མགོ་སྐོར་བཏང་ནས་ཁྲོམ་ར་ཧམ་བཟུང་བྱེད་མཁན་མི་9987ཞུ་གཏུགས་བྱས་པ་དེ་དུས་མཚུངས་ལས་243.8%འཕར་བ། ལས་གྲྭ་བཙན་བཟུང་བྱེད་མཁན་མི་7255ཞུ་གཏུགས་བྱས་པ་དེ་དུས་མཚུངས་ལས་283.5%འཕར་བ།   དམངས་ཁྲོད་ཀྱི་རྩོད་གཞིའི་ནང་འཛུལ་མཁན་མི་5797ཞུ་གཏུགས་བྱས་པ་དེ་དུས་མཚུངས་ལས་199.1%བཅས་འཕར་ཡོད་པ་རེད།
    དམངས་གཉེར་ཁེ་ལས་དང་འབྲེལ་བའི་གྱོད་གཞི་སྒྲུབ་རིང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ས་གནས་ཁག་གི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལུགས་དང་སྲིད་ཇུས་ཀྱི་མཚམས་ཚད་ཡང་དག་བཟུང་ནས། དམངས་གཉེར་ཁེ་ལས་ཀྱི་ཐོན་སྐྱེད་འཕེལ་རྒྱས་ལ་བསམ་བློ་གང་མང་བཏང་སྟེ། མི་ལུས་དང་རྒྱུ་ནོར་གྱི་དབང་ཆར་ཚོད་འཛིན་བྱེད་པའི་བཙན་ཤེད་བྱ་ཐབས་སྤྱོད་རྒྱུ་གཟབ་ནན་བྱས་ནས།  ནག་ཉེས་ངོས་ལེན་དང་ཉེས་ཆད་དང་ལེན་བྱེད་མཁན་ལ་གུ་ཡངས་གཏོང་བའི་ལམ་ལུགས་བེད་སྤྱོད་གང་ལེགས་གཏོང་བ་དང་།  གྱོད་དོན་སྒྲུབ་སྐབས་དམངས་གཉེར་ཁེ་ལས་ཀྱི་རྒྱུན་ལྡན་གཉེར་སྐྱོང་བྱེད་སྒོར་ཤུགས་རྐྱེན་ཐེབས་ཚད་ཉུང་དུ་གཏོང་དགོས་པའི་མཛུབ་སྟོན་གནང་པ་རེད།
     ཁྲིམས་ལུགས་ཀྱི་ལྟ་སྐུལ་འགན་ནུས་ལག་བསྟར་ཐད། ཟླ་1ནས་ཟླ་9པ་བར། རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་དབང་མིན་པའི་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་རྐྱེན་བཟོ་བའི་དམངས་དོན་དང་།  སྲིད་འཛིན་ནུས་ཐོན་ཁྲིམས་བཅད། བཀའ་བཅད་གཏོང་བ། བར་འདུམ་ཡི་གེའི་ཐོག་ནས་བསྐྱར་གཅོད་ཡོང་རེ་ཞུ་རྒྱུ་184བཏོན་པ་དེ་དུས་མཚུངས་ལས་114% འཕར་ཏེ། འདྲི་གཅོད་བསྐྱར་མའི་ཞིབ་དཔྱོད་གྲོས་འགོ་335བཏོན་པ་དེ་དུས་མཚུངས་ལས་289.5%འཕར་བ་རེད།  དམངས་དོན་དང་སྲིད་འཛིན་འདྲི་གཅོད་བྱེད་སྒོའི་ལྟུ་སྐུལ་ཐད་ཞིབ་དཔྱོད་བསམ་འཆར་154བཏོན་པ་དེ་དུས་མཚུངས་ལས་46.7%འཕར་བ་རེད།  དམངས་དོན་ལག་བསྟར་བྱེད་སྒོའི་ལྟ་སྐུལ་ཐད་ཞིབ་དཔྱོད་བསམ་འཆར་290བཏོན་པ་དེ་དུས་མཚུངས་ལས་30.6%འཕར་ཡོད་པ་བཅས་རེད།