འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་12ཉིན།

༄༅།།ཕྱི་འབྲེལ་པུའུ་ཡིས་ཨ་རི་ཕྱོགས་ཀྱིས་ཕྱི་འགྲིམ་སློབ་མའི་ཐད་དུ་མཐུན་རྐྱེན་བསྐྲུན་པར་རེ་བ་
བྱས་ཡོད་ཟེར།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་12ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཕྱི་འབྲེལ་པུའུ་ཡིས་ཨ་རི་ཕྱོགས་ཀྱིས་ཕྱི་འགྲིམ་སློབ་མའི་ཐད་དུ་མཐུན་རྐྱེན་བསྐྲུན་པར་རེ་བ་
བྱས་ཡོད་ཟེར།
     མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་11ཉིན། ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་ལས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀེང་ཧྲོང་གིས་གཙོ་སྐྱོང་བྱས་པའི་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག་ཏུ།
གསར་འགོད་པའི་དྲི་བ་དང་དྲིས་ལན་གཤམ་གསལ། 
དྲི་བར། ཟླ་11ཚེས་11ཉིན།《ཀྲུང་གོའི་ན་གཞོན་ཚགས་པར》ཐོག་ཀྲུང་གོར་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོ་པུའུ་ལན་སི་ཐ་ཏེ་ཡིས་བྲིས་པའི་ཁ་བྱང་ལ་《ཀྲུང་གོའི་ཕྱི་འགྲིམ་སློབ་མར་དགའ་བསུ་ཞུ》ཞེས་པའི་རྩོམ་དེ་སྤེལ་འདུག  དེའི་ཐད་དུ་ཀྲུང་གོའི་ཕྱོགས་ལ་དཔྱད་བརྗོད་ཅི་ཞིག་ཡོད་དམ།
     དྲིས་ལན། ངས་པུའུ་ལན་སི་ཐ་ཏེ་གཞུང་ཚབ་ཆེན་མོས་《ཀྲུང་གོའི་ན་གཞོན་ཚགས་པར》ཐོག་ཏུ་སྤེལ་བའི་རྩོམ་དེ་མཐོང་སོང་། ཀྲུང་གོ་དང་ཨ་རིའི་མི་ཆོས་སྤེལ་རེས་ཀྱི་ནང་དོན་གལ་ཆེན་ཞིག་ཡིན་པའི་ཆ་ནས། ཕྱི་འགྲིམ་སློབ་མའི་སྤེལ་རེས་དུས་ཡུན་རིང་པོ་ནས་བཟུང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་བགྲོ་གླེང་དང་ཕན་ཚུན་ལ་ཤེས་རྟོགས་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་བཞིན་ཡོད། ཙུང་ཐུང་ཐེ་རོམ་ཕུ་དང་ཨ་རིའི་མཐོ་རིམ་དཔོན་རིགས་ཀྱིས་ཉེ་ཆར་ཐེངས་མང་པོར་ཀྲུང་གོའི་ཕྱི་འགྲིམ་སློབ་མ་ཨ་རིར་ཡོང་བར་དགའ་བསུ་ཞུ་ཞེས་བསྟན་ཡོད། ང་ཚོས་དེའི་ཐད་ལ་དགའ་བསུ་བྱེད། དེ་དང་དུས་མཉམ་དུ། དེ་བས་གལ་ཆེ་བ་ནི། ང་ཚོར་ཨ་རི་ཕྱོགས་ཀྱིས་འབྲེལ་ཡོད་ཡར་སྐུལ་རྣམ་འགྱུར་ལག་བསྟར་དོན་འཁྱོལ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཕྱི་འགྲིམ་སློབ་མའི་མཉམ་ལས་ལ་ཡར་སྐུལ་གྱི་མཐུན་རྐྱེན་སྐྲུན་ནས། ཀྲུང་གོ་དང་ཨ་རིའི་མི་ཆོས་སྤེལ་རེས་མུ་མཐུད་མདུན་སྐྱོད་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་རེ་བ་ཡོད།