མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཀྲུང་དབྱང་དམག་ཨུད་ཀྱི་གཞི་རིམ་འཛུགས་སྐྱོང་ཚོགས་འདུའི་ཐོག སྲོལ་རྒྱུན་བཟང་པོ་
དར་སྤེལ་གཏོང་བ་དང་སྒྱུར་བཅོས་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་སྟེ་རང་རེའི་དམག་དཔུང་གི་
གཞི་རིམ་འཛུཌ་སྐྱོང་ཕྱོགས་ཡོངས་ནས་ཡར་ཐོན་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་པར་
སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་12ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་11ཚེས་8ནས་10ཉིན་བར་ཀྲུང་དབྱང་དམག་ཨུད་ཀྱི་གཞི་རིམ་འཛུགས་སྐྱོང་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་ཚོགས་ཞུགས་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བཞིན་པ།

ཟླ་11ཚེས་8ནས་10ཉིན་བར་ཀྲུང་དབྱང་དམག་ཨུད་ཀྱི་གཞི་རིམ་འཛུགས་སྐྱོང་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་ཚོགས་ཞུགས་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བཞིན་པ།

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ནས་10ཉིན་བར་ཀྲུང་དབྱང་དམག་ཨུད་ཀྱི་གཞི་རིམ་འཛུགས་སྐྱོང་གི་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཁོང་གིས་དུས་རབས་གསར་པར་རང་རེའི་དམག་དཔུང་གི་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་ནི་དམག་དཔུང་སྟོབས་ཆེ་དང་དར་རྒྱས་གཏོང་བའི་རྩ་བའི་རྨང་གཞི་དང་སྟོབས་ཤུགས་གནས་ས་ཞིག་ཡིན། དམག་ཡོངས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་དུས་རབས་གསར་པའི་དམག་དོན་འཐབ་ཇུས་མཛད་ཕྱོགས་ལག་བསྟར་གཏིང་ཟབ་བྱས་ནས“བརྟེན་པ་བཞི་མཐའ་འཁྱོངས”ཀྱི་བླང་བྱ་དོན་འཁྱོལ་བྱེད་དགོས། སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་སྒྱུར་བཅོས་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་ནས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་མཁན་ཉམས་སད་ཐེག་པའི་གཞི་རིམ་དང་། དམག་རྒྱག་ཐུབ་པ་དང་འཐབ་ན་རྒྱལ་ཐུབ་པའི་ཉམས་སད་ཐེག་པའི་གཞི་རིམ། སྒྲིག་ཁྲིམས་ནན་པ་དང་དར་སྲོལ་ལེགས་པའི་ཉམས་སད་ཐེག་པའི་གཞི་རིམ་བཅས་ཕྱོགས་ཡོངས་ནས་འཛུགས་སྐྱོང་བྱས་ཏེ་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་རྨང་གཞི་དང་འདེགས་སྐྱོར་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ཚེས་8ཉིན་གྱི་ཕྱི་དྲོའི་ཆུ་ཚོད་4པ་ཙམ་ལ་ཞི་ཅིན་ཕིང་ཅིང་ཤིས་མགྲོན་ཁང་དུ་ཕེབས་ནས་སྤྲོ་སེམས་འཁོལ་བའི་དགའ་བསུའི་སྒྲའི་ཁྲོད་དུ་ཚོགས་ཞུགས་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་མ་ཟད་ཚང་མ་དང་ལྷན་དུ་དྲན་རྟེན་སྐུ་པར་ཡང་བསྒྲོན་གནང་བ་རེད།
     ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གལ་ཆེའི་གསུང་བཤད་གནང་ཞིང་། ཁོང་གིས་དང་ཐོག་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་གཏན་འབེབས་ལ་གྲོས་འཆམ་བྱུང་ཡོད། ཚང་འཛོམས་གྲོས་ཚོགས་ཀྱི་གཏན་འབེབས་སློབ་སྦྱོང་དང་ལག་བསྟར་བྱེད་པ་ནི་མིག་སྔའི་ཏང་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། ཚང་འཛོམས་གྲོས་ཚོགས་ཀྱི་གཏན་འབེབས་ནང་ཆེད་མངགས་ནང་གསེས་ཤིག་སྤྱད་དེ་ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་པའི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་མི་དམངས་དམག་དཔུང་གིས་ལྷག་བསམ་རྣམ་དག་ངང་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་ལག་བསྟར་བྱ་རྒྱུ་འགན་ལེན་བྱེད་པའི་ཐད་བཀོད་སྒྲིག་བྱས་པ་དང་དེའི་ནང་ལས་འགན་མང་པོ་ཞིག་དོན་འཁྱོལ་བྱེད་པར་གཞི་རིམ་འཛུགས་སྐྱོང་བྱ་རྒྱུ་ནས་དམ་འཛིན་བྱེད་དགོས་ཀྱི་ཡོད། དམག་ཡོངས་ཀྱིས་རང་རེའི་དམག་དཔུང་གི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ཡག་པོ་བྱེད་པ་དང་། གོ་བ་ཡག་པོ་ལེན་པ། ལག་བསྟར་ཡག་པོ་བཅས་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་གཞི་རིམ་ནི་དཔུང་སྡེའི་ལས་དོན་ཡོངས་དང་དམག་འཐབ་ནུས་པའི་རྨང་གཞི་ཡིན། རང་རེའི་ཏང་གིས་དམག་དཔུང་འཛུགས་སྐྱོང་དང་བཅོས་སྐྱོང་བྱེད་པའི་ཡུན་རིང་གི་ལག་ལེན་དངོས་ཁྲོད་གཞི་རིམ་འཛུགས་སྐྱོང་ལ་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་བྱས་ཡོད། རང་རེའི་དམག་དཔུང་ཆུང་ངུ་ནས་ཆེན་པོ་བར་དང་། ཉམས་ཞན་ནས་སྟོབས་ཆེའི་བར། རྒྱལ་ཁ་ནས་རྒྱལ་ཁའི་བར་སྐྱོད་པར་རྒྱ་ཆེའི་གཞི་རིམ་དཔོན་དམག་གིས་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། དུས་བབ་ཇི་ལྟར་འགྱུར་ནའང་གཞི་རིམ་ལ་བརྟེན་པ་དང་གཞི་རིམ་སྟོབས་ཆེར་གཏོང་དགོས་པ་འདི་ནམ་ཡང་བརྗེད་མི་རུང་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱིས་ཏང་གི་རྩ་འཛུགས་ལ་བརྟེན་ནས་གཞི་རིམ་ལ་དམ་འཛིན་དང་། དམག་གྲབས་སྦྱོང་བརྡར་ལ་བརྟེན་ནས་གཞི་རིམ་ལ་དམ་འཛིན། དཔོན་དམག་གི་བྱེད་པོར་བརྟེན་ནས་གཞི་རིམ་ལ་དམ་འཛིན། ཁྲིམས་སྐྱོང་ནན་པོར་བརྟེན་ནས་གཞི་རིམ་ལ་དམ་འཛིན་བཅས་བྱས་ཏེ་ཆབ་སྲིད་ཀྱི་རྩ་བའི་རྨང་གཞི་ནུས་ཤུགས་ཡོད་རྒུས་བརྟན་དུ་གཏོང་བ་དང་། དམག་སྦྱོང་དམག་གྲབས་ལ་ཤུགས་སྣོན་རྒྱག་པ། སྟོབས་ཤུགས་སླར་ཡང་སྒྲིག་འཛུགས་བྱེད་པ། འཛུགས་སྐྲུན་གོ་རིམ་ཚད་ལྡན་དུ་གཏོང་བ། ནང་ཁུལ་གྱི་དར་སྲོལ་ལེགས་སུ་གཏོང་བ། སྒུལ་ཤུགས་དང་གསོན་ཤུགས་འཕེལ་བ་བྱེད་པ་བཅས་བྱས་ནས་རང་རེའི་དམག་དཔུང་གི་གཞི་རིམ་འཛུགས་སྐྱོང་ལ་འཕེལ་རྒྱས་མྱུར་པོ་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་ལོ་དེ་དག་ནང་དམག་དཔུང་སྟོབས་ཆེ་དང་དར་རྒྱས་གཏོང་བའི་གོམ་སྟབས་ཧ་ཅང་མགྱོགས་པ་དང་རང་རེའི་དམག་དཔུང་གི་གཞི་རིམ་འཛུགས་སྐྱོང་ལ་འགན་འཁྲི་དང་ལས་འགན་བླང་བྱ་དང་། འཛུགས་སྐྱོང་གི་ནང་དོན། རྒྱུན་གཏན་གྱི་འཁོར་རྒྱུག་རྣམ་པ། དཔུང་སྡེའི་རྩ་འཛུགས་ཀྱི་རྣམ་པ། དཔོན་དམག་གི་གྲུབ་ཆ་དང་གྲུབ་ཚུལ། ཕྱི་རོལ་གྱི་སྤྱི་ཚོགས་ཁོར་ཡུག་སོགས་ཀྱི་ཐད་གནས་ཚུལ་གསར་པ་དང་འགྱུར་ལྡོག་གསར་པ་མང་པོ་འཕྲད་བཞིན་ཡོད། ཚན་རིག་དང་མཐུན་པའི་སྟངས་འཛིན་དང་འཚམ་མཐུན་ཧུར་ཐག་བྱས་ཏེ་མངོན་གསལ་དོད་པའི་འགལ་བ་དང་གནད་དོན་ཐག་གཅོད་ནན་ཏན་བྱས་ནས་གཞི་རིམ་འཛུགས་སྐྱོང་ཕྱོགས་ཡོངས་ནས་ཡར་ཐོན་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་མཁན་ཉམས་སད་ཐེག་པའི་གཞི་རིམ་འཛུགས་སྐྱོང་བྱས་ཏེ། ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་ཐད་ཀར་གཞི་རིམ་དང་དཔོན་དམག་ཐོག་དོན་འཁྱོལ་ཡོང་བའི་འགན་ལེན་བྱེད་དགོས། གཞི་རིམ་དཔོན་དམག་ལ་ཆབ་སྲིད་ཀྱི་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཏང་གི་ཚན་རིག་གི་རིགས་པའི་གཞུང་ལུགས་ཀྱིས་ལེན་འཛུགས་མི་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པས་དཔོན་དམག་ལ་དྲག་ཆས་སྤྲོས་པའི་ལས་དོན་ཡག་པོ་སྒྲུབ་པ། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང“གསར་བརྗེའི་ས་བོན་རྒྱུན་འཛིན་དང་། དམག་དཔུང་སྟོབས་ཆེར་གཏོང་བའི་ལས་འགན་ལྕི་པོ་འཁུར་བའི”བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་ཏུ་གཏོང་བ། གསར་བརྗེའི་ས་བོན་མི་རབས་ནས་མི་རབས་བར་རྒྱུན་འཛིན་གྱི་འདུ་འགོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཏང་གི་བཀོད་འདོམས་ལ་ཉན་པ་དང་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་ལ་རང་སྲོག་འབུལ་བའི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་དམག་རྒྱག་ཐུབ་པ་དང་འཐབ་ན་རྒྱལ་ཐུབ་པའི་ཉམས་སད་ཐེག་པའི་གཞི་རིམ་འཛུགས་སྐྱོང་བྱས་ཏེ་གཞི་རིམ་གྱིས་བསྐོངས་ན་ཡོང་ཐུབ་པ་དང་། ཡོང་ན་འཐབ་ཐུབ་པ། འཐབ་ན་རྒྱལ་ཐུབ་པ་བཅས་དངོས་འབྲེལ་ཐུབ་པར་བྱེད་དགོས། དམག་འཐབ་ནུས་པའི་ཚད་གཞི་མཐའ་འཁྱོངས་དང་དམག་འཐབ་རུ་ཁག་གི་བསམ་བློར་ཤུགས་སྣོན་བརྒྱབ་སྟེ་དམག་གྲབས་གཡུལ་འགྱེད་ཀྱི་བཀོད་འདོམས་དབྱུ་གུ་གཞི་རིམ་དུ་བརྟན་པོར་འཛུགས་པ་དང་དམག་འཐབ་ནུས་པའི་ལེགས་སྐྱེས་འབུལ་ཚད་ལ་གཞིགས་ནས་འཛུགས་སྐྱོང་ཁག་ལ་སྤྱི་འདོམས་བྱེད་དགོས། གཞི་རིམ་གྱི་དམག་འཐབ་ནུས་པ་གྲུབ་པ་དང་བེད་སྤྱོད་ཀྱི་ཁྱད་ཆོས་དང་ཆོས་ཉིད་འཚོལ་ཞིབ་བྱས་ཏེ། གཞི་རིམ་འཛུགས་སྐྱོང་གི་སྤུས་ཚད་དང་དམག་མིའི་ནུས་ཕྱོད་ཆེ་རུ་གཏོང་དགོས། དངོས་འཐབ་དངོས་སྦྱོང་དང་། རྩ་འཛིན་གཞིར་བཟུང་སྦྱོང་བརྡར། སྦྱོང་བརྡར་ནན་པོ་བཅས་མཐའ་འཁྱོངས་བྱས་ཏེ་དམིགས་སའི་རང་བཞིན་དང་འཚམ་མཐུན་རང་བཞིན་གྱི་སྦྱོང་བརྡར་ལ་ཤུགས་སྣོན་དང་། གོ་མཚོན་གསར་པ་དང་སྟོབས་ཤུགས་གསར་པར་ཤུགས་སྣོན། སྦྱོང་བརྡར་གྱི་རྨང་གཞི་བརྟན་དུ་གཏོང་བ། སྦྱོང་བརྡར་གྱི་འགན་ལེན་འཐུས་སྒོ་ཚང་དུ་གཏོང་བ། སྦྱོང་བརྡར་དངོས་འཐབ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། “ཕྱོགས་གསུམ་གཞི་གཅིག”གི་དམག་དོན་ཤེས་ལྡན་མི་སྣ་གསར་པ་གསོ་སྐྱོང་གི་མ་ལག་གང་མགྱོགས་བསྐྲུན་ཏེ། གཞི་རིམ་གྱི་ལག་ལེན་ལས་སྟེགས་ཡག་པོ་སྤྱོད་པ་དང་། མང་ཚོགས་རང་བཞིན་གྱི་དམག་སྦྱོང་རྩལ་འགྲན་བྱེད་སྒོར་དམ་འཛིན་ཡག་པོ་བྱེད་པ། དཔོན་དམག་གིས་རང་འཁྲིའི་ལས་གནས་ལ་གཞི་ཚུགས་ནས་འཚར་ལོངས་དང་འཇོན་ཐང་འཕེལ་བར་སྐུལ་ལྕག་གཏོང་བ། གཞི་རིམ་འཛུགས་སྐྱོང་གི་ཤེས་ལྡན་མི་སྣའི་འདེགས་སྐྱོར་བརྟན་དུ་གཏོང་བ་བཅས་བྱེད་དགོས། དམག་འཐབ་ཀྱི་སྙིང་སྟོབས་སྐྱེད་སྲིང་ལ་ཤུགས་སྣོན་བརྒྱབ་སྟེ་དཀའ་སྡུག་དང་འཆི་རྒྱུར་མི་སྐྲག་པའི་སྙིང་སྟོབས་དར་སྤེལ་བཏང་ནས། དཔོན་དམག་རྣམས་ངར་ཤུགས་ལྡན་པ་དང་དཔུང་སྡེ་རྔམ་བརྗིད་ལྡན་པ་ཞིག་ཏུ་སྐྲུན་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་སྒྲིག་ཁྲིམས་ནན་པ་དང་དར་སྲོལ་ལེགས་པའི་ཉམས་སད་ཐེག་པའི་གཞི་རིམ་འཛུགས་སྐྱོང་བྱས་ཏེ་ཁྲིམས་སྐྱོང་དང་སྒྲིག་ལམ་ནན་པོར་བརྟེན་ནས་འགྱུར་མེད་ཀྱི་སྙིང་སྟོབས་གཅིག་སྒྲིལ་དང་། འགྱུར་མེད་ཀྱི་སྤྱོད་ཚུལ་ཞུན་བརྡར། འགྱུར་མེད་ཀྱི་དཔུང་ཁག་འཛུགས་སྐྱོང་བཅས་བྱེད་དགོས། ཁྲིམས་བཞིན་དམག་སྐྱོང་དང་དམག་དཔུང་ནན་པོས་སྐྱོང་བའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་། བཀའ་ཁྲིམས་དང་སྲོལ་ཡིག་ལག་བསྟར། རྩ་འཛིན་གཞིར་བཟུང་འཛུགས་སྐྱོང་ལ་དམ་འཛིན་མཐའ་འཁྱོངས་བཅས་བྱེད་དགོས། གཞི་རིམ་འཛུགས་སྐྱོང་གི་འབྲེལ་ཡོད་སྲིད་ཇུས་ལམ་ལུགས་ལ་ཕྱོགས་ཡོངས་ནས་གསེད་བཀྲོལ་དང་། ཚན་རིག་གི་རིགས་པས་ཁུངས་སྐྱེལ་ཡག་པོ། བཟོ་བཅོས་འདོར་འགྲེལ་རྣམ་བཞིའི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱེད་དགོས། དཔུང་སྡེར་དོ་དམ་ནན་པོ་བྱས་ཏེ་བླང་བྱ་ནན་པོ་དང་སེམས་ཁུར་ཟབ་མོ་ཟུང་འབྲེལ་མཐའ་འཁྱོངས་དང་སྒྲིག་ཁྲིམས་ཀྱི་འཆུན་འདོམས་དང་གོ་བསྐོན་སློབ་གསོ་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་དཔུང་སྡེ་ཚད་མཐོའི་གཅིག་སྡུད་གཅིག་གྱུར་དང་བདེ་འཇགས་བརྟན་ལྷིང་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

  
style="display:none;"