འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་12ཉིན།

༄༅༎རྒྱང་ལྟ་5པ་རྟགས་ཅན་དང་རྒྱང་ལྟ་7པ་རྟཌ་ཅན་གྱི་གྲུ་གཟིངས་དུས་གཅིག་ཏུ་མཚོ་ཐོག་ཚད་ལེན་
ཚོད་འཛིན་ལས་འགན་སྒྲུབ་པར་བསྐྱོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་12ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི། ཟླ་11ཚེས་10ཉིན། རྒྱང་ལྟ་7པ་རྟགས་ཅན་གྱི་གྲུ་གཟིངས་ཀྲུང་གོའི་སྲུང་སྐར་མཚོ་ཐོག་ཚད་ལེན་ཚོད་འཛིན་པུའི་གྲུ་ཁ་ནས་ཐོན་པའི་གནས་ཚུལ་ཡིན་པ།
འདི་ནི། ཟླ་11ཚེས་10ཉིན། རྒྱང་ལྟ་7པ་རྟགས་ཅན་གྱི་གྲུ་གཟིངས་ཀྲུང་གོའི་སྲུང་སྐར་མཚོ་ཐོག་ཚད་ལེན་ཚོད་འཛིན་པུའི་གྲུ་ཁ་ནས་ཐོན་པའི་གནས་ཚུལ་ཡིན་པ།
     ཤིན་ཧྭ་གསར་འགྱུར་ཁང་ནན་ཅིང་ནས་ཟླ་11ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་10ཉིན་གྱི་ཆུ་ཚོད་དགུ་པ་ལྷག་ཙམ་ལ། གྲུ་གཟིངས་ཐོན་པའི་དུང་བརྡ་གྲགས་པ་ལས་རྒྱང་ལྟ་5པ་རྟགས་ཅན་དང་རྒྱང་ལྟ་7པ་རྟགས་ཅན་གྱི་གྲུ་གཟིངས་གཉིས་ཀྲུང་གོའི་སྲུང་སྐར་མཚོ་ཐོག་ཚད་ལེན་ཚོད་འཛིན་པུའི་གྲུ་ཁ་ནས་ཐོན་ཏེ་ཧིན་རྡུ་རྒྱ་མཚོ་ཆེ་མོའི་མཚོ་ཁོངས་མི་འདྲ་བར་བསྐྱོད་དེ་བྱང་སྐར་རྟགས་ཅན་གསུམ་པ་སོགས་སྲུང་སྐར་གྱི་མཚོ་ཐོག་ཚད་ལེན་ཚོད་འཛིན་ཐེངས་5ཡི་ལས་འགན་སྒྲུབ་རྩིས་ཡོད་པ་རེད།
     གྲུ་གཟིངས་གཉིས་དུས་གཅིག་ཏུ་མཚོ་ཐོག་ཏུ་བསྐྱོད་པ་དེས་རྒྱང་ལྟ་རྟགས་ཅན་གྱི་གྲུ་གཟིངས་རུ་ཁག་གི་གྲུ་གཟིངས་6མིག་སྔར་ཕྱི་ཕྱོགས་སུ་ལས་འགན་སྒྲུབ་བཞིན་ཡོད་པ་མཚོན་ཡོད་ལ། རྒྱང་ལྟ་རྟགས་ཅན་གྱི་གྲུ་གཟིངས་རུ་ཁག་2019ལོ་འཁོར་གྱི་མཚོ་ཐོག་ཚད་ལེན་ཚོད་འཛིན་ལས་འགན་མཇུག་འགྲིལ་དུས་མཚམས་སུ་སླེབས་པའང་མཚོན་ཡོད།
     མིག་སྔའི་བར། རྒྱང་ལྟ་རྟགས་ཅན་གྱི་གྲུ་གཟིངས་རུ་ཁག་གིས་འདི་ལོ་རིམ་རྩིས་བྱས་ན་མཚོ་ཐོག་ལས་སྒྲུབ་ཉིན་400ལྷག་ཙམ་བྱས་པ་དང་། བདེ་འཇགས་ངང་མཚོ་ལེ་ཁྲི་10ལྷག་ཙམ་བསྐྱོད་ནས། བྱང་སྐར་སྲུང་སྐར་རིགས་སོགས་སྲུང་སྐར་གྱི་ཚད་ལེན་ཚོད་འཛིན་གྱི་ལས་འགན་ཐེངས་13ལེགས་གྲུབ་བྱུང་ནས། རྒྱང་སྐྱོད་5པ་རྟགས་ཅན་རྒྱང་འཛིན་གསུམ་པའི་མེ་ཤུགས་འཕུར་མདའི་མཚོ་ཐོག་སྐྱེལ་འདྲེན་ལས་འགན་སྒྲུབ་བཞིན་ཡོད་པ་རེད།