མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་2019ལོའི་ཀྲུང་གོའི་ཁྲིམས་སྐྱོང་གི་རྒྱལ་སྤྱིའི་གླེང་སྟེགས་འགོ་ཚུགས་པར་འཕྲིན་ཡིག་
སྤྲིངས་ནས་རྟེན་འབྲེལ་ཞུས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་12ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་ཀོང་ཀྲོའུ་ནས་ཟླ་11ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་10ཉིན། 2019ལོའི་ཀྲུང་གོའི་ཁྲིམས་སྐྱོང་གི་རྒྱལ་སྤྱིའི་གླེང་སྟེགས་ཀོང་ཀྲོའུ་རུ་འགོ་ཚུགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གླེང་སྟེགས་ལ་འཕྲིན་ཡིག་སྤྲིངས་པ་རེད། 
     ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་ཁྲིམས་སྐྱོང་ལ་བརྟེན་ནས་འགན་ལེན་བྱེད་དགོས། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་བསྐྲུན་ནས་གཞུང་དྲང་དང་། ལུགས་མཐུན། ཁ་གསལ་བཅས་ཀྱི་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་མ་ལག་སྐྲུན་ཏེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་དེ་བས་ལེགས་པའི་སྒོ་ནས་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད། ཚང་མས“ཀྲུང་གོའི་ཁྲིམས་སྐྱོང་གི་རྒྱལ་སྤྱིའི་མཉམ་ལས་ཟབ་ཏུ་བཏང་ནས‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་ལ་ཞབས་འདེགས་ཞུ་བའི”བརྗོད་དོན་གཙོ་བོར་དམིགས་ནས་སྤེལ་རེས་ལ་ཤུགས་སྣོན་དང་ཐུན་མོང་ངོས་འཛིན་ཟབ་ཏུ་གཏོང་བ་དང་འབྲེལ་ཡོད་བཅའ་ཁྲིམས་ལམ་ལུགས་འཕེལ་རྒྱས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་འཕེལ་རིམ་ཁྲོད་ཀྱི་ཁྲིམས་སྐྱོང་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱ་རྒྱུའི་རེ་བ་ཡོད་ཅེས་བསྟན་ཡོད། 
     2019ལོའི་ཀྲུང་གོའི་ཁྲིམས་སྐྱོང་གི་རྒྱལ་སྤྱིའི་གླེང་སྟེགས་དེ་ཀྲུང་གོ་ཁྲིམས་རིག་པ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་ཀྲུང་གོ་དང་དེ་བཞིན“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་རྒྱལ་ཁབ་40ཙམ་དང་རྒྱལ་སྤྱིའི་རྩ་འཛུགས་བཞི་ཡི་འཐུས་མི་400ཙམ་གླེང་སྟེགས་ནང་ཞུགས་ཡོད་པ་རེད།

  
style="display:none;"