འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་12ཉིན།

༄༅།།ཚོང་པར་རིན་གོང་གཅོག་ཐབས་མང་བས་རིགས་གཅིག་མཁས་ཅན་གྱིས་དེ་ལ་ཁ་གཏད་གཅོག་
ཐབས་སློབ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་12ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲེན་མོང་ཡུས་དང་ཝང་ཅུན་ལུའུ།
“བཅུ་གཅིག་ཟུང”འཆར་བའི་མཚམས་སུ། དྲ་ཚོང་ཆེ་གྲས་ཁག་གིས་རིན་གོང་གཅོག་ཐབས་རྣམ་པ་སྣ་ཚོགས་བཏོན་པའི་ནང་ཁག་གཅིག་གི་གཟིགས་སྐྱོང་བྱ་ཐབས་ཁ་དན་ཚིག་ལ་མི་གནས་པ་དེས་འཛད་སྤྱོད་པས“ལོ་འཁོར་གྱི་རིན་གོང་དམའ་ཤོས”ཀྱི་ཟོག་ཉོའི་དུས་ཆེན་ལ་ཤུགས་རྐྱེན་ངན་པ་ཐེབས་ཡོད།
     འདི་ལོ་ཁྱབ་གདལ་གཏོང་ཐེངས་དང་པོ་ཡིན་པའི“བཅུ་གཅིག་ཟུང་གི་རོགས་ཟླའི”འཆར་གཞིས་ལས་འགན་ལེགས་གྲུབ་ཀྱི་ནུས་ཚད་རིན་ཐང་གསོག་པའི་བྱ་ཐབས་ལ་བརྟེན་ནས་ཉོ་སྒྲུབ་ཀྱི་ཤོག་ཆགས་བརྗེས་པ་དང་སྤྱི་ཚོགས་འབྲེལ་བའི་དྲ་རྒྱར་བརྟེན་ནས“དཔུང་ཁག”འཛུགས་ཀྱི་ཡོད། ཉེ་དུས་དྲ་དམངས་མི་ཉུང་བ་ཞིག་ལ་གྲོགས་པོ་བསྒྲིགས་ནས་རམ་འདེགས་བྱེད་རྒྱུའི་གདན་ཞུ་འབྱོར་ཡོད། དྲ་གྲོགས་ཤིག་གིས“ཁེ་བཟང་མང་པོ་རག་མ་བྱུང་། དེ་ལས་མིའི་ངོ་སོ་མང་པོ་ཆད་སོང”ཞེས་བརྗོད་ཡོད། སྤྱོད་མཁན་གྱིས་དུས་ཚོད་དང་། སེམས་ནུས། ཐ་ན་མི་དང་མིའི་དབར་གྱི་འབྲེལ་བ་སྤྱད་རྗེས་ཀྱི“བློ་ཕམ”དངུལ་གྲོན་ཆུང་ཐུབ་པ་ལས་བྱུང་བའི“ཐོབ་ཚོར”ལས་ཤུགས་ཆེ་བ་ཡོད་ཚེ། ལས་སྟེགས་ལ་ཡིད་ཆེས་བྱེད་ཚད་རིམ་པས་ཆུང་དུ་འགྲོ་ཡི་ཡོད།
     ཚོང་པས་རིན་གོང་གཅོག་ཐབས་སྣ་ཚོགས་སྤྱད་པར་འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས་དེ་ལ་ཁ་གཏད་གཅོག་ཐབས་བསླབ་ཡོད།
     གཉེར་སྐྱོང་གི་ཐོབ་ཐང་ལྡན་པ་དང་། གཞི་ཁྱོན་ཆེ་བ། སྙན་གྲགས་ཆེ་བ་བཅས་ཀྱི་དྲ་ཐོག་ཚོང་ཁང་དང་། རང་གཉེར་ཚོང་གྲོང་། ཕྱོགས་གསུམ་པའི་ཉོ་སྒྲུབ་ལས་སྟེགས་བཅས་གདམ་ག་བྱེད་དགོས་པ་མ་ཟད། ཉོ་སྒྲུབ་བྱེད་རིང་ངེས་པར་དུ་ཚོང་ཟོག་ཕན་ཚུན་བསྡུར་ཏེ“སྤུས་ཚད”དང“རིན་གོང”ཕྱོགས་གཉིས་པོ་གང་ལེགས་འདེམས་དགོས།
      གཞུང་ཕྱོགས་ཀྱི་དྲ་རྒྱར་རྩད་ཞིབ་བྱས་ཏེ་ཚོང་པའི་ཞབས་འདེགས་ཁ་པར་བརྒྱབ་ནས་བློ་འདྲི་བྱེད་སྐབས། གཞུང་ཕྱོགས་ཀྱི་ཁ་པར་ཡིན་མིན་གཏན་འཁེལ་བྱེད་དགོས། ཁ་གསལ་མེད་པའི་སྦྲེལ་མཐུད་རང་དགར་གནོན་པ་སོགས་བྱེད་རྒྱུ་མེད་ལ། བྱ་དགའ་དཀྲུག་ལེན་དང་བྱ་དགའ་ཐོབ་པའི་ཆ་འཕྲིན་ལ་རང་དགར་ཡིད་ཆེས་མི་བྱེད་པ། ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་དང་། དངུལ་ཁང་གཱ་ཡི་ཨང་གྲངས། ལག་ཐོགས་ཁ་པར་གྱི་ཨང་གྲངས་སོགས་མི་སྒེར་གྱི་ཆ་འཕྲིན་གཞན་ལ་རང་དགར་མི་སྤྲོད་པ། ལག་ཐོགས་ཁ་པར་གྱི་ར་སྤྲོད་ཨང་གྲངས་སོགས་ཀྱི་གསང་བ་མི་གྱར་བ་བྱས་ཏེ་མགོ་སྐོར་འོག་མི་ཚུད་པར་བྱེད་དགོས།
     དཔྱོད་ཤེས་ལ་བརྟེན་ནས་འཛད་སྤྱོད་བྱས་ཏེ། “ཚད་བཀག”སོགས་ཚོང་གཉེར་གྱི་གཡོ་འཕྲུལ་གཏན་འགོག་བྱས་ནས་འཚབ་འཚུབ་ངང་འཛད་སྤྱོད་བྱ་མི་རུང་། བྱ་ཐབས་གཞན་དག་སྤྱད་དེ་ཉོ་སྒྲུབ་ཐོན་རྫས་ཀྱི་སྤུས་ཚད་དང་རིན་གོང་སོགས་ཀྱི་གནས་ཚུལ་ཤེས་པ་མ་ཟད། རིན་གོང་གི་འགྱུར་ལྡོག་ལ་དོ་སྣང་བྱས་ཏེ་གཟིགས་སྐྱོང་བྱ་ཐབས་སྤྱོད་པའི་ཚད་བཀག་ཆ་རྐྱེན་ལ་ཞིབ་ལྟ་བྱེད་དགོས། བྲིན་སྐུལ་བྱེད་སྒོའི་སྒྲིག་སྲོལ་དང་ཚོང་པས་ཁས་བླངས་པའི་པར་ཉར་ཚགས་ཀྱི་བྱ་ཐབས་ལ་བརྟེན་ནས་བྱེད་སྒོའི་སྒྲིག་སྲོལ་གྱི་གཡོ་ཇུས་ལ་མི་ཚུད་པར་བྱེད་དགོས།
      རིགས་གཅིག་མཁས་ཅན་གྱིས་གོ་ལ་ཧྲིལ་པོའི་ཚོང་དོན་གྱི་འདུ་ཚོགས་རྒྱས་པོའི་ནང་འཛད་སྤྱོད་པས་དོ་སྣང་བྱེད་དགོས་པ་ཁོ་ན་མི་བཏོན་པར་ལྟ་འདོམས་དང་སྤྱི་ཚོགས་བཅོས་སྐྱོང་ལ་དེ་བས་ཤུགས་སྣོན་རྒྱག་དགོས་པ་བསྟན་ཡོད།