འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་12ཉིན།

༄༅།།པེ་ཅིང་གྲོང་ཁྱེར་གྱི་ཡོང་འབབ་དམའ་བའི་ཞིང་དུད་ཀྱི་ཡོང་འབབ་འཕར་ཚད་མགྱོགས་སུ་ཕྱིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་12ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་10ཉིན་གློག་འཕྲིན་འབྱོར་གསལ། པེ་ཅིང་གྲོང་ཁྱེར་བསྡོམས་རྩིས་ཅུས་དང་རྒྱལ་ཁབ་བསྡོམས་རྩིས་ཅུས་པེ་ཅིང་བརྟག་ཞིབ་སྤྱི་ཁྱབ་རུ་ཁག་གིས་མཉམ་དུ་སྤེལ་བའི་སྡོམ་རྩིས་གྲངས་གཞི་ལས་2019ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། པེ་ཅིང་གྲོང་ཁྱེར་གྱི་ཡོང་འབབ་དམའ་བའི་ཞིང་དུད་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་11104ཟིན་པ་དེ་དུས་མཚུངས་ལས་18.1%འཕར་བ་དང་། ལོ་སྟོད་ཀྱི་འཕར་ཚད་དང་བསྡུར་ན་བརྒྱ་ཆའི་གྲངས་2.3མཐོ་རུ་ཕྱིན་པ། ལོ་གོང་མའི་དུས་མཚུངས་ཀྱི་འཕར་ཚད་དང་བསྡུར་ན་བརྒྱ་ཆའི་གྲངས་0.7མཐོ་རུ་ཕྱིན་ཡོད།
      བསྡོམས་རྩིས་བྱས་པ་ལས་མངོན་གསལ། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་པེ་ཅིང་གི་ཡོང་འབབ་དམའ་བའི་ཞིང་དུད་ཀྱི་མི་རེའི་ཆ་སྙོམས་གླ་ཆའི་ཡོང་འབབ་སྒོར་4225ཟིན་པ་དེ་དུས་མཚུངས་ལས་12.1%འཕར་ཡོད། 2019ལོའི་ཟླ་བདུན་པ་ནས་བཟུང་། པེ་ཅིང་གྲོང་ཁྱེར་གྱི་གླ་ཆའི་ཚད་གཞི་དམའ་ཤོས་ཟླ་རེར་སྒོར་2120ལས་མི་དམའ་བ་ནས་ཟླ་རེར་སྒོར་2200ལས་མི་དམའ་བའི་བར་ལེགས་སྒྲིག་བྱས་ཡོད།