འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་8ཉིན།

༄༅།།ཀྲུང་གོ་དང་ཨ་རིས་མཉམ་འབྲེལ་ཐོག་ཧྥུན་ཐེ་ཉི་ལྐོག་འདྲེན་གྱི་གྱོད་གཞི་ཞིག་བདེ་
བླག་ངང་རྩད་ཆོད་པ། ཕན་ཚུན་འབྲེལ་བའི་ཉེས་གསོག་ཚོགས་པ་ཞིག་གཏོར་
ནས་ཧྥུན་ཐེ་ཉི་སྤྱི་རྒྱ་11.9རྩིས་ལེན་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་08ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཀྲུང་གོ་དང་ཨ་རིས་མཉམ་འབྲེལ་ཐོག་ཧྥུན་ཐེ་ཉི་ལྐོག་འདྲེན་གྱི་གྱོད་གཞི་ཞིག་བདེ་
བླག་ངང་རྩད་ཆོད་པ། ཕན་ཚུན་འབྲེལ་བའི་ཉེས་གསོག་ཚོགས་པ་ཞིག་གཏོར་
ནས་ཧྥུན་ཐེ་ཉི་སྤྱི་རྒྱ་11.9རྩིས་ལེན་བྱས་པ།
     མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་7ཉིན། ཧོ་པེ་ཞིང་ཆེན་ཞིང་ཐའེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཝང་ག་གེ་མོ་སོགས་ཀྱིས་ཧྥུན་ཐེ་ཉི་ལྐོག་འདྲེན་བྱས་པའི་གྱོད་གཞིར་བཅད་ཁྲ་ཁྱབ་བསྒྲགས་དང་པོ་བྱས་པ་རེད། དཔྱད་ཁྲ་ཁྱབ་བསྒྲགས་བྱས་རྗེས། རྒྱལ་ཁབ་དུག་འགོག་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གིས་ཞིང་ཐའེ་རུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་།  རྒྱལ་ཁབ་དུག་འགོག་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཡུས་ཧའེ་པིང་གིས་ཝང་ག་གེ་མོ་སོགས་ཀྱིས་ཧྥུན་ཐེ་ཉི་ལྐོག་འདྲེན་བྱས་པའི་དུག་རྫས་གྱོད་གཞིའི་ཞིབ་ཕྲའི་གནས་ཚུལ་དང་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་དུག་འགོག་ཁྲིམས་བསྟར་སྡེ་ཚན་གྱིས་མཉམ་ལས་ཐོག་ཧྥུན་ཐེ་ཉི་རིགས་ཀྱི་དངོས་པོར་རྡུང་རྡེག་གཏོང་བའི་གནས་ཚུལ་བརྡ་ཁྱབ་བཏང་བ་རེད།