འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་8ཉིན།

༄༅།།པུ་རུ་ནེར་ཡོད་པའི་ཀྲུང་གོའི་མ་འཇོག་རྣམ་གྲངས་ཆེ་ཤོས་ཕྱོགས་ཡོངས་ནས་ཐོན་སྐྱེད་བྱེད་
འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་08ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་སེ་རི་པེ་ཀ་མཚོ་ཁུག་གྲོང་ཁྱེར་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཉེ་ཆར། པུ་རུ་ནེར་ཡོད་པའི་ཀྲུང་གོའི་མ་འཇོག་རྣམ་གྲངས་ཆེ་ཤོས་ཧེང་དབྱི་རྡོ་འགྱུར་ཏ་མོ་ལ་གླིང་ཕྲན་གྱི་ཕྱོགས་བསྡུས་བཙོ་སྦྱངས་ཅན་གྱི་རྣམ་གྲངས་ལག་བསྟར་བཟོ་གྲྭ་ཕྱོགས་ཡོངས་ནས་ཐོན་སྐྱེད་བྱེད་འགོ་ཚུགས་ནས་རླངས་སྣུམ་དང་། ཁྲའེ་ཡིའུ་སྣུམ། མཁའ་འགྲུལ་ས་སྣུམ་སོགས་ཀྱི་ཐོན་རྫས་ཐོན་སྐྱེད་བདེ་བླག་ཐུབ་པ་ལས། རྣམ་གྲངས་དེ་རྒྱུ་ཆ་བེད་སྤྱོད་དང་འཁོར་རིགས་ཚོད་ལྟ་ཐེངས་གཅིག་ལ་ལེགས་གྲུབ་བྱུང་བ་མཚོན་ཡོད་པ་རེད།
     དེའི་གོང་། པུ་རུ་ནེའི་ནུས་རྒྱུ་དང་མི་ཤུགས་ཐོན་ཁུངས་དང་བཟོ་ལས་པུའི་པུའུ་ཀྲང་ཧ་ཅི·སུ་ཉིས་རྣམ་གྲངས་དེ་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས་ལོ་དང་པོར་པུ་རུ་ནེའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཨ་སྒོར་དུང་ཕྱུར་13.3འཕར་བ་དང་ཆབས་ཅིག་ལས་ཞུགས་གོ་སྐབས་1600ལྷག་ཙམ་གཏོད་སྲིད་ཅེས་བརྗོད་པ་རེད།