འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་8ཉིན།

༄༅།།ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་འཕྲལ་སྡོམ་དོ་དམ་པུས་མཉམ་དུ།2019ལོའི“འཕྲལ་སྡོམ་
དོ་དམ་ལས་དོན་པ་ཡག་ཤོས”ཀྱི་ སྔོན་ཐོན་བྱས་རྗེས་ཡོངས་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་08ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། བདེ་འཇགས་ཐོན་སྐྱེད་དང་། གེགས་འགོག་གེགས་སེལ་དང་གནོད་འཚེ་ཆུང་གཏོང་། འཕྲལ་སྡོམ་རོགས་སྐྱོབ་སོགས་འཕྲལ་སྡོམ་དོ་དམ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་བསམ་བློར་སྣེ་ཁྲིད་བྱེད་ཤུགས་དང་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཕྲལ་སྡོམ་དོ་དམ་ཁོངས་གཏོགས་ཀྱི་རྒྱ་ཆེའི་ལས་བྱེད་ལས་བཟོ་དང་འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་ལ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཐོག་དཔའ་ངར་ཆེན་པོས་རླབས་རྩེར་འགྱིངས་ཏེ་འགན་འཁུར་ལས་སྒྲུབ་བྱ་རྒྱུའི་སྐུལ་ལྕག་བཏང་ནས། སྤྱི་ཚོགས་ཡོངས་སུ་འཕྲལ་སྡོམ་དོ་དམ་བྱ་གཞག་གི་སྒྱུར་བཅོས་འཕེལ་རྒྱས་ལ་དོ་ཁུར་དང་རྒྱབ་སྐྱོར་བྱེད་པའི་རྣམ་པ་ཟབ་མོ་ཞིག་གཏོད་ཆེད། ཟླ་11ཚེས་4ཉིན། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་འཕྲལ་སྡོམ་དོ་དམ་པུས་པེ་ཅིང་དུ་སྤྱི་ཚོགས་ཡོངས་ལ་ཕྱོགས་ནས་2019ལོའི“འཕྲལ་སྡོམ་དོ་དམ་ལས་དོན་པ་ཡག་ཤོས”ཀྱི་སྔོན་ཐོན་བྱས་རྗེས་ཡོངས་བསྒྲགས་བྱས་པ་རེད།
     ཚའེ་རུའེ་དང་། ཏིང་ལེང་ཧའོ། ཧོའུ་ཀྲེང་ཁྲའོ། ཞའོ་ཝུན་རུའུ། ཀྲང་ཀྲི་དབྱིན། ཝང་ཉན་ཧྥ། ཀྲང་ཙའེ་ཀུའེ། ཝེ་ལི་ཕིང་། ཧྲང་ཧའེ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་ཧོང་ཕུའུ་ཆུས་ཉིང་ལག་རུ་ཁག་རླངས་འཁོར་འབབ་ཚུགས་རུ་འབྲིང་། ནང་སོག་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་ཏཱ་ཤིང་ཨན་ལིང་ཉིང་ལག་རུ་ཁག་ཆི་ཆན་རུ་འབྲིང་། ཧྥུའུ་ཅན་ཞིང་ཆེན་ས་ཡོམ་ཅུས་ས་ཡོམ་སྔོན་བརྡའི་ལས་དོན་ཚོགས་པ་སོགས“འཕྲལ་སྡོམ་དོ་དམ་ལས་དོན་པ་ཡག་ཤོས”ཀྱི་མི་སྒེར་དང་མཉམ་སྡེབ་རྣམས་ནི་ཡོམ་འགོག་གེགས་སེལ་དང་། རྡོ་སོལ་གཏེར་ཁའི་བདེ་འཇགས་ལྟ་ཞིབ། བདེ་འཇགས་ཁྲིམས་ལྟར་ལྟ་སྐུལ། མེ་ཟོན་རོགས་སྐྱོབ། ནགས་ཚལ་མེ་ཟོན་སོགས་འཕྲལ་སྡོམ་དོ་དམ་ཁོངས་གཏོགས་ཀྱི་ཚན་པ་ཁག་དང་སྡེ་ཚན་ཁག་ནས་རེད། ཁོང་ཚོ་ལ་ལས་བཀའ་འབྱོར་འཕྲལ་རི་འགུལ་ས་གཡོའི་འཐབ་ས་དང་པོ་ནས་ཉིན་མཚན་མེད་པར་འབད་འཐབ་བྱས་ཏེ་དུས་རབས་གསར་པའི་འཕྲལ་སྡོམ་དོ་དམ་གྱི་ལས་འགན་ལྕི་པོ་ཕྲག་ཏུ་འཁུར་བ་དང་། ལ་ལས་ཤི་གསོན་ལ་ཐུག་ཀྱང་ཇི་མི་སྙམ་པར་རང་ཉིད་ཀྱི་ཤ་ཁྲག་གི་ཕུང་པོ་ལ་བརྟེན་ནས་མཚོན་གྱི་རི་དང་མེ་ཡི་ཀློང་ནས་འབད་འཐབ་དོན་དུ་གཉེར། ཁ་ཤས་ཀྱིས་གསར་བརྗེའི་ཁྲག་རྒྱུན་དང་ས་བོན་རྒྱུན་འཛིན་བྱས་ནས་ཐོག་མཐའ་བར་གསུམ་དུ་གདོང་མཆོང་བྱེད་ཕོད་པའི“བདག་མེད”ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་ཀྱི་ཡོད། ཁ་ཤས་ཀྱིས་ལོ་བཅུ་ཕྲག་ཁ་ཤས་རིང་ཉིན་གཅིག་ལྟར་མུ་མཐའ་མེད་པའི་གདོད་མའི་ནགས་ཚལ་ལ་གཞི་ཚུགས་ནས་སྔོ་ཞིང་དྭངས་པའི་རི་ཆུ་སྲུང་སྐྱོང་བྱེད་ཀྱི་ཡོད། ཁ་ཤས་ཀྱིས་ཁ་ཁུ་སིམ་མེར་ལེགས་སྐྱེས་ཕུལ་ཏེ་འགྱོད་པ་སྤུ་ཙམ་ཡང་མེད་པའི་ངང་མེས་རྒྱལ་གྱི་ས་རྒྱུད་གཙོ་བོ་ཁག་ཏུ་མི་རིགས་ཀྱི་རྩ་ཆེའི་རིག་གནས་སྲུང་སྐྱོང་བྱེད་ཀྱི་ཡོད། ཁ་ཤས་ཀྱིས་ཉེ་རིང་ཕྱོགས་ལྷུང་མེད་པར་ཁྲིམས་བསྟར་དྲང་གཞག་བྱས་ནས་རྡོ་སོལ་གཏེར་ཁའི་ལས་བཟོ་ཚོའི་ཚེ་སྲོག་བདེ་འཇགས་སྲུང་སྐྱོང་བྱེད་ཀྱི་ཡོད། ཁ་ཤས་ཀྱིས་སེམས་ནུས་ཡོད་རྒུ་བཏོན་ནས་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་ཀྱི་ཡོད། ཁོང་ཚོའི་ལུས་ཐོག་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱས་ནས་ཏང་ལ་དུས་གཏན་དུ་བློ་དཀར་སེམས་དཀར་བྱེད་པའི་ཆབ་སྲིད་ཀྱི་རང་གཤིས་བཟང་པོ་དང་། མང་ཚོགས་ཀྱི་བདེ་སྡུག་སེམས་ལ་ཉར་ཞིང་མཐའ་དག་མི་དམངས་ཀྱི་ཆེད་དུ་ཡིན་པའི་སྤྱི་ཞབས་པའི་བརྩེ་སེམས། རང་སྲོག་འབེན་ལ་བཙུགས་ནས་འཆི་རྒྱུར་མི་སྐྲག་པའི་གསར་བརྗེའི་སྙིང་སྟོབས། རང་འཁྲིའི་ལས་ཀར་གཞི་ཚུགས་ནས་འགན་འཁྲི་ཧ་ཅང་ནན་ཏན་འཁུར་བའི་དངོས་སྒྲུབ་ཀྱི་སྤྱོད་ཚུལ། མི་དམངས་སྡུག་བསྔལ་ལས་སྐྱོབ་པ་དང་། ཉེན་ཁ་འཕྲད་པའི་མི་དམངས་ལ་རོགས་རམ་བྱེད་པ། མི་དམངས་ལ་སྟོབས་ཤུགས་སྦྱིན་པའི་བྱ་སྤྱོད་དངོས་བཅས་གཅིག་སྡུད་ཐོག་མངོན་པ་དང་ཆབས་ཅིག ད་དུང་དུས་རབས་གསར་པའི་འཕྲལ་སྡོམ་དོ་དམ་དཔུང་ཁག་གིས་ཧ་ཅང་ནན་ཏན་སྒོས་འགན་འཁྲི་འཁུར་བ་དང་། རང་སྲོག་བློས་བཏང་ནས་ལེགས་སྐྱེས་འབུལ་འདོད་པ། འགན་འཁྲི་འཁུར་ནས་བྱ་སྤྱོད་སྤེལ་ཕོད་པ། གསར་གཏོད་སྲོལ་འབྱེད་བྱེད་མཁས་པ་བཅས་ཀྱི་དུས་རབས་ཀྱི་ཉམས་འགྱུར་དང་བསམ་པའི་ཉམས་འགྱུར་བཟང་པོ་ཡང་གསོན་ཉམས་ལྡན་པའི་སྒོ་ནས་མངོན་ཡོད་པ་རེད།
     ཡོངས་བསྒྲགས་མཛད་སྒོ་འཚོག་ཡུལ་དུ“འཕྲལ་སྡོམ་དོ་དམ་ལས་དོན་པ་ཡག་ཤོས”ཀྱི་མི་སྒེར་དང་མཉམ་སྡེབ་ཀྱི་སྔོན་ཐོན་བྱས་རྗེས་ཀྱི་བརྙན་ཐུང་བསྟན་པ་དང་འབྲེལ། ཟུར་ཚད་མི་འདྲ་བ་ནས་ཁོང་ཚོའི་འཚོ་བ་དང་ལས་དོན་གྱི་མྱོང་ཚོར་བཅར་འདྲི་ཡང་ཞུས་པ་རེད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་འཕྲལ་སྡོམ་དོ་དམ་པུའི་འབྲེལ་ཡོད་འགན་འཁུར་བས་ཁོང་ཚོར“འཕྲལ་སྡོམ་དོ་དམ་ལས་དོན་པ་ཡག་ཤོས”ཀྱི་ལག་ཁྱེར་སྤྲད་པ་རེད།
     ཡོངས་བསྒྲགས་མཛད་སྒོར་ཞུགས་མཁན་འཕྲལ་སྡོམ་དོ་དམ་ལས་དོན་པའི་འཐུས་མིས། དཔའ་ངར་སྔར་བས་ཆེན་པོ་དང་། སྤྲོ་སེམས་སྔར་བས་ཆེ་བ། སྤྱོད་ཚུལ་སྔར་བས་ལེགས་པ་བཅས་ཀྱི་ཐོག་ནས། ཕུ་ཐུང་བརྫེས་ནས་ལས་སྒྲུབ་དང་རྔུལ་ཆུ་བཏོན་ནས་འབད་འཐབ་ཀྱིས་ཐོག་མཐའ་བར་གསུམ་ཀུན་ཏུ་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུའི་ཐོག་གི་འབད་འབུངས་ལྷོད་མེད་བྱེད་མཁན་དང་། ལས་ཀའི་གྲུབ་འབྲས་རྩེ་གྲ་བཏོད་དེ་འཕྲལ་སྡོམ་གདོང་ལེན་པ་བྱེད་པ། ཏང་དང་མི་དམངས་ཀྱི“མེལ་ཚེ་བ”ཡག་པོ་བྱས་ནས་ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་ཀྱི་ལྷག་བསམ་ཟོལ་མེད་ཀྱི་སྲུང་དམག་བཅས་བྱས་ནས། དུས་རབས་གསར་པའི་འཕྲལ་སྡོམ་དོ་དམ་བྱ་གཞག་གི་སྒྱུར་བཅོས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་རྒྱུ་ཡིན་ཞེས་བརྗོད་པ་དང་། མཛད་སྒོ་འཚོག་ཡུལ་གྱི་ལྟད་མོ་བ་ཚོས“འཕྲལ་སྡོམ་དོ་དམ་ལས་དོན་པ་ཡག་ཤོས”ཀྱི་བྱས་རྗེས་ནི་སེམས་འགུལ་ཐེབས་པ་དང་བརྩོན་སེམས་སྐྱེས་དགོས་པ་ཞིག་ཡིན་པས། “བདེ་སྐྱིད་ནི་འབད་འཐབ་ལས་བྱུང་བ་དང་། གྲུབ་འབྲས་ནི་ལེགས་སྐྱེས་ཕུལ་བ་ལས་ཐོབ་པ། སྤྱིར་བཏང་གི་ལས་གནས་ལ་བརྟེན་ནས་རླབས་ཆེན་བྱ་གཞག་གཏོད་པ”བཅས་ཀྱི་རིན་ཐང་གི་འདུ་ཤེས་དང་། ཏང་དང་མི་དམངས་ལ་མཐའ་གཅིག་ཏུ་ལྷག་བསམ་ཟོལ་མེད་བྱེད་པ་དང་། མི་དམངས་དང་སྐྱིད་སྡུག་མཉམ་མྱོང་དང་མཉམ་ཤི་མཉམ་གསོན་བྱེད་པའི་སྙིང་སྟོབས་མངོན་ཡོད་པ་མ་ཟད། མི་དམངས་ཀྱི་བདེ་འཇགས་འགན་ལེན་བྱས་ནས་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ལྷག་བསམ་རྣམ་དག་གིས་མི་དམངས་ལ་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་མིག་དཔེ་ཡིན་པ་ལག་བསྟར་ཡང་བྱས་ཡོད་ཅེས་བརྗོད་པ་རེད།