འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་8ཉིན།

༄༅།།ཀོང་ཀྲོའུ་ཡི་ཕྱིར་གཏོང་ཚོང་ཟོག་ཚོང་འདུས་སྐབས་126པ་མཇུག་འགྲིལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་08ཉིན། 13:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་ཀོང་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་4ཉིན་གྱི་ཕྱི་དྲོ། ཀོང་ཀྲོའུ་ཡི་ཕྱིར་གཏོང་ཚོང་ཟོག་ཚོང་འདུས་སྐབས་126པ་ཀོང་ཀྲོའུ་རུ་མཇུག་འགྲིལ་ཞིང་། རྙོག་འཛིང་ཆེ་ལ་ཛ་དྲག་པའི་ཕྱི་ཕྱོགས་ཉོ་ཚོང་གི་དུས་བབ་ལ་དམིགས་ནས་ད་ཐེངས་ཀྱི་ཀོང་ཀྲོའུ་ཕྱིར་གཏོང་ཚོང་ཟོག་ཚོང་འདུས་ཐོག་མཁོ་སྒྲུབ་ཚོང་པ་186015ཟིན་པ་དེ་སྐབས་124པ་ལས་2%ཆག་པ་དང་། རིམ་རྩིས་བྱས་ན་ཕྱིར་གཏོང་ཚོང་ཟོག་ཚོང་འགྲིག་ཚད་མི་དམངས་ཤོག་སྒོར་དུང་ཕྱུར་2070.9(ཧ་ལམ་ཨ་སྒོར་དུང་ཕྱུར་292.88དང་མཚུངས་པ)ཟིན་ནས་སྐབས་གོང་མའི་དུས་མཚུངས་ལས་1.9%ཆག་ཡོད། ཉོ་སྒྲུབ་ཚོང་པའི་ཚོགས་ཞུགས་གྲངས་འབོར་དང་ཚོང་འགྲིག་ཚད་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་དང་ཆག་ཚད་དེ་སྔོན་དཔག་བྱས་པའི་ནང་ཚུན་དུ་གནས་ཡོད་པ་རེད།
     སྤྱི་ཡོངས་ཀྱི་ཉོ་ཚོང་གནས་ཚུལ་ནས་དབྱེ་ཞིབ་བྱས་ན། མིག་སྔར་རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་གི་གཞི་ཁྱོན་གཞི་རྩའི་ཆ་ནས་བརྟན་པོ་ཡོད་པ་དང་། སྤུས་ཚད་སྔར་བས་མཐོ་རུ་སོང་བ། སྒུལ་ཤུགས་མགྱོགས་མྱུར་བརྗེ་སྒྱུར་བྱུང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་ཡག་པོ་ཐོན་ཡོད་པ་རེད།