འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་7ཉིན།

༄༅།།ཀྲུང་གོ་དང་རི་པིན་གྱི་སློབ་ཆེན་སློབ་སྤྱིའི་གླེང་སྟེགས་སྐབས་བཅུ་གཅིག་པ་ཏུང་ཅིང་དུ་
གཉེར་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་07ཉིན། 13:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཀྲུང་གོ་དང་རི་པིན་གྱི་སློབ་ཆེན་སློབ་སྤྱིའི་གླེང་སྟེགས་སྐབས་བཅུ་གཅིག་པ་ཟླ་11ཚེས་5ནས་6ཉིན་བར་ཏུང་ཅིང་དུ་གཉེར་བ་རེད། པེ་ཅིང་སློབ་ཆེན་དང་། ཧྥུའུ་ཏན་སློབ་ཆེན།  ཏུང་ཅིང་སློབ་ཆེན། ཙའོ་ཏའོ་ཐན་སློབ་ཆེན་སོགས་ཀྲུང་གོ་དང་རི་པིན་གྱི་གྲགས་ཅན་སློབ་ཆེན་48ཀྱི་སློབ་སྤྱི་དང་སློབ་གསོའི་སྒྲིག་གཞིའི་འགན་འཁུར་བས། “ད་ཆ་དང་མ་འོངས་པའི་མཉམ་ལས་ཀྱི་སྒོ་མོ་གསར་པ་གཏོད་རྒྱུ་འབྲེལ་མཐུད་ཆེད་"ཞེས་པའི་བརྗོད་དོན་གཙོ་བོར་གཞིགས་ནས་ཕན་འབྲས་ཐོན་པའི་སྤེལ་རེས་བྱས་པ་རེད། 
   ཙའོ་ཏའོ་ཐན་སློབ་ཆེན་གྱི་སྤྱི་ཁྱབ་འགོ་འཛིན་ཐེན་ཀྲུང་ཨེར་ཀྲི་ཡིས་གླེང་སྟེགས་ཐོག  རི་པིན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་སློབ་ཆེན་གྱིས་གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ལ་ཁ་གཏད་འཇལ་བའི་ཐད་ཀྱི་རྒྱལ་སྤྱི་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་ཐད་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་ཞེས་བརྗོད་པ་རེད།