འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་7ཉིན།

༄༅།།གློག་འཕྲིན་དྲ་རྒྱས་ཁ་བསླུས་རྒྱག་མཁན་301རྒྱལ་ནང་ལ་ཕྱིར་བཟུང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་07ཉིན། 13:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།གློག་འཕྲིན་དྲ་རྒྱས་ཁ་བསླུས་རྒྱག་མཁན་301རྒྱལ་ནང་ལ་ཕྱིར་བཟུང་བ།
     མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་5ཉིན། སྤྱི་བདེ་པུའུ་ཡི་གཅིག་གྱུར་བཀོད་སྒྲིག་ལྟར། ཧྲའན་ཞི་ཞིང་ཆེན་སྤྱི་བདེ་ཅུས་ཀྱིས་གློག་འཕྲིན་དྲ་རྒྱས་ཁ་བསླུས་རྒྱག་པའི་དོགས་ཡོད་ཉེས་ཅན་301ཧྥེ་ལིན་ཕིང་ནས་རྒྱལ་ནང་དུ་ཕྱིར་བཟུང་ཡོང་བ་དང་། རྒྱལ་ཡོངས་དང་འབྲེལ་བ་ཡོད་པའི་ཞིང་ཆེན་མང་པོའི་གྲོང་ཁྱེར་གྱི་“9.17”ཡི་མངའ་ཁོངས་བརྒལ་ནས་གློག་འཕྲིན་དྲ་རྒྱས་ཁ་བསླུས་རྒྱག་པའི་གྱོད་དོན་ཆེན་པོ་ཅིག་བདེ་བླག་ངང་རྩད་ཆོད་པ་རེད། 
ཐེངས་འདིའི་བྱ་འགུལ་ནི་ཧྥེ་ལིན་ཕིང་པ་ལ་ཝང་ཞིང་ཆེན་ཀུའུ་ཀྲུའུ་གྲུ་ཁ་གྲོང་ཁྱེར་དུ་ཉེས་ཅན་གྱི་སྡོད་གནས་8ཐེངས་གཅིག་གིས་གཏོར་བ་དང་། བདེ་བླག་ངང་ཀྲུང་གོའི་རྒྱལ་ཁོངས་ཀྱི་ཉེས་ཅན་300ལྷག་བཟུང་ཞིང་། ཡུལ་དངོས་སུ་གློག་ཀླད་དང་ཁ་པར། དངུལ་བྱང་། ཁ་བསླུས་རྒྱག་བྱེད་འཁྲབ་གཞུང་སོགས་ཉེས་གསོག་ལག་ཆ་འབོར་ཆེན་ཞིབ་བཤེར་རྩིས་ལེན་བྱས། ཐོག་མའི་ཞིབ་བཤེར་ལས་གྱོད་དོན་སྟོང་ལྷག་དང་འབྲེལ་བ་ཡོད་ལ། གྱོད་འབྲེལ་དངུལ་གྲངས་ཀྱང་འབོར་ཆེན་ཡིན།
༄༅།།གློག་འཕྲིན་དྲ་རྒྱས་ཁ་བསླུས་རྒྱག་མཁན་301རྒྱལ་ནང་ལ་ཕྱིར་བཟུང་བ།
༄༅།།གློག་འཕྲིན་དྲ་རྒྱས་ཁ་བསླུས་རྒྱག་མཁན་301རྒྱལ་ནང་ལ་ཕྱིར་བཟུང་བ།