འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་7ཉིན།

༄༅༎གངས་ལྗོངས་ས་མཐོའི་ཁྱིམ་ཚང་ཁྲི་སྟོང་མང་པོའི་མུན་པ་བསལ།

—— བོད་ལྗོངས་གློག་ཤུགས་ཀྱི་ལོ་ངོ་70འཕེལ་རྒྱས་བསྡུས་རིས།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་07ཉིན། 08:09】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཞི་བས་བཅིངས་འགྲོལ་མ་བཏང་གོང་བོད་དུ་མཐོ་རིམ་སྐུ་དྲག་ཉུང་ཤས་ལ་བརྟན་ལ་མི་བརྟན་གྱི་གློག་གཏོང་བའི་ཆུ་ཤུགས་གློག་ཁང་ཆུང་ཆུང་རྟ་ཤུགས་125ཟིན་པ(གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་90ལྷག་ཙམ)ཞིག་ལས་མེད། ད་ལྟ་བོད་ལྗོངས་སུ་མཚོ་བོད་དང་། ཁྲོན་བོད། བོད་དབུས་བཅས་ཀྱི་གློག་ཤུགས་ཀྱི་གློག་དྲ་སྦྲེལ་བའི་འདུ་འགོད་ལས་གངས་ལྗོངས་ས་མཐོར“གློག་ཤུགས་ཀྱི་མཁའ་ལམ”གསུམ་བསྐྲུན་པ་དང་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱི་གློག་དྲ་གཙོ་བོ་རྫོང་64ལ་ཁྱབ་པ་དང་མི་འབོར་ཁྲི་278ལ་གློག་ཤར་གཏོང་ཐུབ་ཡོད།
     གློག་ཤུགས་བཟོ་ལས་ཀྱི་ལས་འགོ་འཛུགས་དཀའ་བ།
     བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཀྱི་གློག་ཤུགས་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་ཆེན་པོ་གནང་ཞིང་། 1955ལོར་བོད་དུ་མ་དངུལ་དང་ལག་རྩལ་མི་སྣ་བཏང་ནས་དེ་སྔ་བོད་བཀའ་ཤག་སྲིད་གཞུང་གིས་བསྐྲུན་པའི་དོག་སྡེ་གློག་ཁང་གི་རྨང་གཞིའི་ཐོག་ལྷ་ས་ཆུ་ཤུགས་གློག་ཁང་དང་གཞིས་རྩེ་མེ་ཤུགས་གློག་ཁང་ཆུང་གྲས་བཙུགས་པ་ནས་བཟུང་བོད་དུ་གློག་ཁང་བསྐྲུན་པའི་བརྗིད་ཆེའི་ལོ་རྒྱུས་འགོ་ཚུགས།
     1975ལོར་ཡངས་པ་ཅན་ས་འོག་ཚ་ནུས་ཚོད་ལྟའི་གློག་ཁང་བསྐྲུན་འགོ་ཚུགས་པ་དང་1992ལོར་སླེབས་སྐབས་འཕྲུལ་ཙུའུ་དག་གཅིག་རྗེས་གཉིས་མཐུད་ངང་བསྐྲུན་ནས་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་2.4ཟིན་པ་དེས་སྐབས་དེའི་ལྷ་ས་གློག་དྲའི་60%ཡན་བཟུང་ཡོད།ཡངས་པ་ཅན་ས་འོག་ཚ་ནུས་ཚོད་ལྟའི་གློག་ཁང་ནི་རང་རྒྱལ་གྱི་ས་འོག་ཚ་ནུས་གློག་ཁང་ཆེ་ཤོས་དེ་ཡིན་ལ། འཛམ་གླིང་ཐོག་ས་འོག་ཚ་ནུས་ཀྱི་ངོས་རིམ་ཚ་ནུས་གསོག་འཇོག་བྱས་ནས་བཟོ་ལས་རང་བཞིན་གྱི་གློག་ཁང་འབའ་ཞིག་དེའང་རེད།
     1997ལོར་ཡར་འབྲོག་གཡུ་མཚོ་ཆུ་འཐེན་གསོག་ནུས་གློག་ཁང་སྤྱོད་འགོ་ཚུགས། དེ་ནི་རང་རྒྱལ་གྱི་ཆུ་སྣེ་མཐོ་ཤོས་ཀྱི་ཆུ་འཐེན་གསོག་ནུས་གློག་ཁང་ཡིན་པ་དང་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་9(2005ལོར་གློག་འདོན་ཚད་ཆན་ཝ་ཁྲི་11.25བར་མང་དུ་བཏང་བ)ཟིན་པ་དེས་སྐབས་དེ་དུས་ལྗོངས་ཡོངས་ཀྱི་གློག་ཤུགས་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཀྱི་སྤྱི་འབོར་ལས་བརྒལ་བ་མ་ཟད། གློག་འདོན་ཚད་སྐབས་དེའི་ལྷ་ས་གློག་དྲའི་50%ཡན་བཟུང་ཡོད། བོད་དབུས་གློག་དྲར་ཡུན་རིང་གློག་མི་འདང་བའི་གནས་ཚུལ་སྐབས་ཤིག་རིང་ཐག་གཅོད་ཐུབ་པ་དང་བོད་དབུས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གློག་སྤྱོད་ཐད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ནས་བོད་ལྗོངས་གློག་ཤུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཏུ་གྱུར་ཡོད།
     ཆེས་མཐོ་གནོན་གྱི་གློག་དྲ་ཆེ་མོའི་དུས་རབས་སུ་སླེབས་པ།
     2011ལོའི་ཟླ་11པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་163བཏང་བའི་བོད་ཀྱི“གློག་ཤུགས་མཁའ་ལམ”དང་པོ་—མཚོ་བོད་སྤེལ་རྒྱུག་ཐད་རྒྱུག་གློག་དྲ་སྦྲེལ་བའི་འདུ་འགོད་ལོ་གཅིག་སྔ་སྣུར་དུ་བསྐྲུན་ཟིན་ནས་བོད་ལྗོངས་གློག་དྲ་ཁེར་རྐྱང་དུ་འཁོར་རྒྱུག་བྱེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།
     2018ལོར་ཁྱོན་མ་དངུལ་སྒོར་དུང་ཕྱུར་162བཏང་བའི“གློག་ཤུགས་མཁའ་ལམ”གསུམ་པ་—བོད་དབུས་གློག་དྲ་ཟླ་སྒྲིལ་འདུ་འགོད་སྤྱོད་འགོ་ཚུགས་པ་དེས་མཚོ་བོད་གློག་དྲ་ཟླ་སྒྲིལ་འདུ་འགོད་དང་ཁྲོན་བོད་གློག་དྲ་ཟླ་སྒྲིལ་འདུ་འགོད་འབྲེལ་མཐུད་དང་བོད་དབུས་གློག་དྲ་དང་རྒྱལ་ཡོངས་གློག་དྲ་གཙོ་བོ་གཅིག་གྱུར་ཐོག་འབྲེལ་མཐུད་ཐུབ་ནས། བོད་ལྗོངས་གློག་དྲའི་གློག་གནོན་རིམ་པ་ཆན་ཧྥུའུ་500ཡི་ཆེས་མཐོ་གནོན་གྱི་གློག་དྲ་ཆེན་པོའི་དུས་རབས་སུ་སླེབས་པར་བརྟེན། བོད་ལྗོངས་གློག་ཤུགས་ཀྱི་མཁོ་སྤྲོད་དཀོན་པའི་གནས་ཚུལ་ཞི་ལྷོད་དུ་ཕྱིན་ཡོད། 2019ལོའི་ཟླ་3པར། བོད་ལྗོངས་གློག་དྲའི་གློག་སྤྱོད་ཚད་མང་ཤོས་ཀྱི་ཟིན་ཐོ་ལོ་མང་བསྟུད་མར་འཕར་ནས་གློག་སྤྱོད་ཚད་མང་ཤོས་སུ་ཆན་ཝ་ཁྲི་144ཟིན་གྱི་ཡོད།
     “བོད་གློག་ཕྱིར་གཏོང”མངོན་འགྱུར་བྱུང་བ།
     2011ལོར་ཞིང་ཆེན་སྒྲོལ་ནས་གློག་ཐེངས་དང་པོ་ཉོ་ཐུབ་པ་དང་། 2015ལོར“བོད་གློག་ཕྱིར་གཏོང”ཐོག་མར་མངོན་འགྱུར་བྱུང་ནས་མཚོ་བོད་ཐད་རྒྱུག་དང་ཁྲོན་བོད་གློག་དྲ་སྦྲེལ་བའི“གློག་ཤུགས་མཁའ་ལམ”ལས་བོད་ལྗོངས་གློག་དྲས་རིམ་རྩིས་བརྒྱབ་ན་གློག་གཏོང་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར་65ཟིན་པ་དང་གློག་ཕྱིར་གཏོང་བྱེད་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར་44ཟིན་ཡོད།
     “འབྱུང་འགྱུར་བོད་ལྗོངས་གློག་ཤུགས་མི་སྣས་སྤུས་ཚད་མཐོ་བའི་གློག་ཤུགས་ཀྱི་ཟོག་འབྲེལ་དྲ་རྒྱ་གཅིག་རྗེས་གཉིས་མཐུད་ངང་བསྐྲུན་རྒྱུ་དང་2020ལོར་སླེབས་སྐབས་གློག་དྲ་གཙོ་བོ་ལྗོངས་ཡོངས་ཀྱི་རྫོང་74ལ་ཁྱབ་པ་བྱ་རྒྱུ་དང་2035ལོར་སླེབས་སྐབས་དྲ་སྒྲོམ་བརྟན་པོ་དང་། བདེ་འཇགས་བློས་འགེལ་ཆོག་པ། འཁོར་རྒྱུག་བདེ་བ། རིག་ནུས་དང་ནུས་ཆེ་བཅས་ཀྱི་དེང་རབས་ཅན་གྱི་གློག་དྲ་བསྐྲུན་རྒྱུ་དང་། ནུས་རྒྱུ་གཙང་མ་གཞི་ཁྱོན་ཆེན་པོའི་སྒོ་ནས་གསར་སྤེལ་དང་གློག་ཕྱིར་གཏོང་དྲ་བ་བརྟན་པོ་ཞིག་འཛུགས་རྒྱུ། ཉེ་འཁོར་ཞིང་ཆེན་དང་རྒྱལ་ཁབ་འབྲེལ་མཐུད་ཀྱི་གློག་དྲ་ཨ་མ་གལ་ཆེན་འཛུགས་རྒྱུ། འགྲན་ནུས་ཆེན་པོ་ལྡན་པའི་ནུས་རྒྱུའི་དྲ་སྦྲེལ་ཁེ་ལས་རྩེ་གྲ་འཛུགས་རྒྱུ་ཡིན”ཞེས་ལིའུ་ཞའོ་མིང་གིས་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་བཞིན་བཤད།