འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་6ཉིན།

༄༅༎རྒྱལ་ཡོངས་ཀྱི་ཁྲལ་འཇལ་ཞབས་ཞུའི་ཚད་གཞི་གསར་པ་ཟླ་11པ་ནས་བཟུང་ ལག་བསྟར་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་06ཉིན། 12:39】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་31ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་11ཚེས་1ཉིན་ནས་བཟུང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི《རྒྱལ་ཡོངས་ཀྱི་ཁྲལ་དོན་ལས་ཁུངས་ཀྱི་ཁྲལ་འཇལ་ཞབས་ཞུའི་ཚད་གཞི》(པར་གཞི་3.0)དང《ཁྲལ་འབབ་བསྡུ་ལེན་དོ་དམ་བཀོལ་སྤྱོད་ཚད་གཞི》རྒྱལ་ཡོངས་ཁྱབ་ཁོངས་སུ་ལག་བསྟར་བྱ་རྒྱུ་དང་ཚད་གཞི་གཉིས་ལག་བསྟར་བྱས་པ་དེས་ཁྲལ་བསྡུའི་ལས་དོན་ཚད་ལྡན་ཅན་དང་ཚད་གཞི་ཅན་འཛུགས་སྐྱོང་ལ་སྔར་བས་སྐུལ་འདེད་བཏང་སྟེ་ཁྲལ་བསྡུ་ཞབས་ཞུའི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས་སླར་ཡང་སྤུས་ཚད་དང་ཕན་འབྲས་འཕར་བ་བྱ་རྒྱུ་རེད།
     རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་དོན། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོ་སྤེལ་རིང་ཁྲལ་དོན་སྡེ་ཚན་གྱིས་ཁྲལ་འཇལ་མཁན་དང་རིན་སྤྲོད་མཁན་གྱིས་བཤད་པའི་ཁྲལ་དོན་གཉེར་བ་དང་གྲོན་དངུལ་སྤྲོད་དཀའ་བའི་གནད་དོན་ལ་དམིགས་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང“སྒྱུར་བཅོས”བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱས་ཏེ་ཚད་གཞི་གཉིས་བཟོས་ནས་བཏོན་ཡོད། 
      《རྒྱལ་ཡོངས་ཁྲལ་དོན་ལས་ཁུངས་ཀྱི་ཁྲལ་འཇལ་ཞབས་ཞུའི་ཚད་གཞི》(པར་གཞི་3.0)ཡིས་རིགས་ཁག་གི་ཁྲལ་གཉེར་དཔང་རྟགས་ཉུང་དུ་དང་། ཁྲལ་གཉེར་ལས་རིམ་སྟབས་བདེ་རུ། བདག་གཉེར་དུས་ཚོད་ཐུང་དུ་བཅས་གཏོང་བར་ད་ཡོད་ཀྱི་ཚད་གཞི་ལེགས་བཅོས་བྱས་ཏེ་རྒྱལ་ཡོངས་ཁྱབ་ཁོངས་ནང་གི་ཁྲལ་གྲོན་ལས་སྒོ་གཉེར་རྒྱུ་གཅིག་གྱུར་དང་ཚད་ལྡན་ཡོང་བར་སྔར་བས་སྐུལ་འདེད་བཏང་སྟེ་ཁྲལ་འཇལ་བར་དེ་བས་སྟབས་བདེ་བསྐྲུན་རྒྱུ་རེད། 《ཁྲལ་བསྡུའི་དོ་དམ་བཀོལ་སྤྱོད་ཚད་གཞི》ཡིས“དྲ་སྦྲེལ་+”དང“གྲངས་གཞི་ཆེ་མོ”སོགས་ཆ་འཕྲིན་ཅན་གྱི་ལྟ་ཕྱོགས་དང་ཟུང་འབྲེལ་བྱས་ཏེ་ལས་སྒོའི་ཚད་གཞི་གཅིག་གྱུར་དང་བསྡུ་ལེན་དོ་དམ་གྱི་ལས་རིམ་སྟབས་བདེར་བཏང་སྟེ་ལག་བསྟར་བྱས་རྗེས་ལས་སྒོའི་དོན་ཚན་དང་འོས་སྐྱེལ་དཔྱད་གཞི་50%ཙམ་དང་། འབྲེལ་ཡོད་ལག་ཁྱེར་དང་ཡི་གེ་20%ལྷག་ཙམ་ཁུ་བསྡུ་བྱས་ཏེ་ཁྲལ་གཉེར་གྲོན་འཇལ་གྱི་མྱུར་ཚད་མགྱོགས་སུ་དང་ཁུར་པོ་ཡང་དུ་གཏོང་བར་དེ་བས་སྐུལ་འདེད་ཡག་པོ་གཏོང་རྒྱུ་རེད།