འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་6ཉིན།

༄༅༎རབ་མཛེས་མཚོ་སྔོན——ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་མཚོ་སྔོན་མི་རིགས་
རང་སྐྱོང་ས་གནས་ཀྱི་འཕེལ་རྒྱས་གྲུབ་འབྲས་འགྲེམས་སྟོན་པེ་ཅིང་དུ་གཉེར་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་06ཉིན། 08:25】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་11ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་དང་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་དང་པེ་ཅིང་མི་རིགས་རིག་གནས་ཕོ་བྲང་གིས་མཉམ་དུ་གཉེར་འགན་འཁུར་བའི“མཛེས་སྡུག་ལྡན་པའི་ཀྲུང་གོ་ཞི་མཐུན་ལྡན་པའི་ཁྱིམ་གཞིས་ཀྱི་རིམ་སྤེལ་འགྲེམས་སྟོན”གྲས་ཀྱི“རབ་མཛེས་མཚོ་སྔོན——ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་མཚོ་སྔོན་མི་རིཌ་རང་སྐྱོང་ས་གནས་ཀྱི་འཕེལ་རྒྱས་གྲུབ་འབྲས་འགྲེམས་སྟོན”པེ་ཅིང་མི་རིགས་རིག་གནས་ཕོ་བྲང་གི་འགྲེམས་སྟོན་ཁང་དུ་གཉེར་བ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲེམས་སྟོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཞིང་། དེ་གཉེར་བའི་དམིགས་ཡུལ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དང་ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། མཚོ་སྔོན་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་སེམས་ནུས་གཅིག་སྒྲིལ་དང་། མཐུན་སྒྲིལ་ཡར་བརྩོན། གསར་འབྱེད་གསར་གཏོད། འགག་སྒྲོལ་དཀའ་སེལ་བཅས་བྱས་པའི་འབད་འཐབ་ཀྱི་བརྒྱུད་རིམ་དང་དེ་བཞིན་མཚོ་སྔོན་མི་རིགས་རང་སྐྱོང་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོཌ་འཕེལ་རྒྱས་ལ་ཐོབ་པའི་འོད་སྟོང་འབར་བའི་གྲུབ་འབྲས་དང་འབྱུང་འགྱུར་འཕེལ་རྒྱས་ཀྱི་མཛེས་སྡུག་ལྡན་པའི་མདུན་ལྗོངས་ཕྱོགས་ཡོངས་ནས་ངོམ་ཆེད་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གྲུབ་འབྲས་འགྲེམས་སྟོན་གྱི་འགྲེམས་ཁང་ནི་གླེང་གཞིའི་ཚོམས་ཆེན་དང་། ཚོམས་ཆེན་དཀྱིལ་མ། ཚོམས་ཆེན་ཤར་ནུབ་གཉིས་བཅས་ལས་གྲུབ་ཡོད་པར་ཁྱོན་སྨི་ངོས་གྲུ་2760ཡོད། འགྲེམས་སྟོན་ལ་ཕྱོགས་བསྡུས་འགྲེམས་སྟོན་དང་གྲོང་ཁྱེར་དང་ཀྲོའུ་ཡི་འགྲེམས་སྟོན་ཟུང་འབྲེལ་བྱེད་ཐབས་ལ་བརྟེན་ནས་འགྲེམས་སྟོན་བྱས་ཤིང་། གཙོ་བོ་མཚོན་བྱེད་རང་བཞིན་ལྡན་པའི་པར་རིས་དང་དངོས་པོ་སོགས་བརྒྱུད། མཚོ་སྔོན་གྱི་མི་རིགས་ཀྱི་རིག་གནས་སྣ་ཚོགས་དང་། ངོ་མཚར་ཆེ་བའི་མི་རིགས་ཀྱི་ཉམས་འགྱུར། མཛེས་སྡུག་ལྡན་པའི་རང་བྱུང་གི་ཡུལ་ལྗོངས་བཅས་ཕྱོགས་ཡོངས་ནས་ངོམས་པ་མ་ཟད་མཚོ་སྔོན་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་གཏོད། རིག་གནས་ཡུལ་སྐོར། སྐྱེ་ལྡན་ཞིང་འབྲོག་ལས། ཁྱད་ལྡན་ཐོན་ལས། དབུལ་སྐྱོར་འགག་སྒྲོལ་བཅས་ཀྱི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་གཙོ་གནད་མངོན་པར་བྱས་པ་མ་ཟད། དཔའ་ངར་ཆེར་སྐྱེད་ཀྱིས་ཡར་བརྩོན་བྱེད་པའི་མཚོ་སྔོན་གསར་པའི་སྙིང་སྟོབས་ཀྱང་མངོན་པར་བྱས་ཡོད། སྐབས་འདིར། ད་དུང་གྲོང་ཁྱེར་དང་ཀྲོའུ་ཁག་གིས་རིག་རྩལ་འཁྲབ་སྟོན་དང་ཐོན་རྫས་འོས་སྦྱོར་སོགས་ཚུད་པའི་བརྗོད་དོན་གཙོ་བོའི་ཉིན་མོའི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད།