འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་5ཉིན།

༄༅།།རབ་གསལ་སྲུང་སྐར་ཨང་བདུན་པ་གྲུབ་འབྲས་ཐོབ་པའི་ངང་འཕེན་གཏོང་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་05ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རབ་གསལ་སྲུང་སྐར་ཨང་བདུན་པ་གྲུབ་འབྲས་ཐོབ་པའི་ངང་འཕེན་གཏོང་བྱས་པ།
     ཟླ་11ཚེས་3ཉིན་གྱི་ཆུ་ཚོད་11དང་སྐར་མ་22ལ། རང་རྒྱལ་གྱིས་ཐའེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་རྟགས་ཅན་ཨང་བཞི་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ག་པ་སྤྱད་དེ་ས་གཞིར་ལྟ་དཔྱད་མ་ལག་གི་གཙོ་ཆེའི་ཆེད་དོན་རྣམ་གྲངས་ཀྱི་རབ་གསལ་སྲུང་སྐར་ཨང་བདུན་པ་གྲུབ་འབྲས་ཐོབ་པའི་ངང་འཕེན་གཏོང་བྱས་པ་མ་ཟད། རབ་གསལ་ཚོད་ལྟའི་སྲུང་སྐར་དང་། སུའུ་ཏན་ཚན་རིག་ཚོད་ལྟའི་སྲུང་སྐར་ཨང་དང་པོ། ཐེན་དབྱི་སྲུང་སྐར་ཨང་བཅོ་ལྔ་པ་བཅས་སྲུང་སྐར་3ཡང་མཉམ་དུ་བསྒྲོགས་ནས་འཕེན་གཏོང་བྱས་པ་རེད། རབ་གསལ་སྲུང་སྐར་ཨང་བདུན་པ་ནི་རང་རྒྱལ་གྱི་དམངས་སྤྱོད་ཡཱ་སྨི་རིམ་པའི་འོད་རིག་པའི་བརྒྱུད་འདྲེན་རྣམ་པའི་ཕྱོགས་བསྡུས་ཚད་འཇལ་རིས་འབྲི་སྲུང་སྐར་དང་པོ་ཡིན་པའི་ཆ་ནས། རྒྱལ་ཁབ་ཀྱི་ས་ཆ་ཚད་འཇལ་རིས་འབྲི་དང་། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན། བསྡོམས་རྩིས་བརྟག་ཞིབ་སོགས་ཀྱི་ཐད་ལ་ནུས་པ་གལ་ཆེན་འདོན་རྒྱུ་ཡིན་པ་རེད།
༄༅།།རབ་གསལ་སྲུང་སྐར་ཨང་བདུན་པ་གྲུབ་འབྲས་ཐོབ་པའི་ངང་འཕེན་གཏོང་བྱས་པ།